དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ཚོར་གུས་འདུད་ཞུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།དུས་ཆེན་གཉིས་སླེབས་པ་ན། མི་མང་པོ་ཞིག་ལ་མཚོན་ན། དུས་ཡུན་ཉིན་བརྒྱད་རིང་གི་གུང་གསེང་འདི་ནི་དགའ་འཛོམས་ཀྱི་དུས་ཚོད་བཟང་ཤོས་ཤིག་རེད་དེ། ལུས་སེམས་ལྷོད་ལ་འབབ་པ་དང་། གཉེན་ཉེར་འཚམས་འདྲི་བྱེད་དུ་འགྲོ་བ། ཕྱི་ལ་ལྗོངས་རྒྱུར་འགྲོ་བ་སོགས་བྱས་ཆོག འོན་ཀྱང་། མི་ཁ་ཤས་ཤིག་ལ་ནི་གུང་གསེང་གི་དགའ་སྤྲོ་དེ་ཉིད་རོལ་བའི་གོ་སྐབས་མེད་པ་རེད། ཁོང་ཚོས་མི་གཞན་དག་བློ་བདེ་ལ་བག་ཕེབས་པ་ཡོང་བ། སྐྱིད་པོའི་གུང་གསེང་ལེགས་པོ་ཞིག་ཡོང་ཆེད། ལས་གནས་བརྟན་སྲུང་བྱས་ཏེ་ཁ་རོག་གེར་བློས་གཏོང་དང་བྱ་ར་བྱེད་བཞིན་ཡོད་པ་རེད།