བདེ་ཆེན་གྱི་མ་འོངས་པའི་དམིགས་འབེན།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ལོ་ངོ60རིང་གི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།   བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།  མདུན་བསྐྱོད་ཀྱི་གོ་རིམ་ཁྲོད་འདི་དང་གན་ལྟ་བུའི་གནད་དོན་ཡོད་ན་ཡང་།    ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བློ་གཅིག་མཐུན་སྒྲིལ་བྱས་ནས།  མཉམ་དུ་འབད་བརྩོན་བྱས་པ་ཡིན་ན།  དཀའ་ངལ་ཅི་ལྟ་བུ་ཞིག་གིས་ཀྱང་བདེ་ཆེན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་བློ་བརྟན་འགྱུར་མེད་ཀྱི་གོམ་སྟབས་དེ་འགོག་མི་ཐུབ།  2015ལོའི་བར་དུ།   ཁུལ་ཡོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་གྱིས་ཇེ་བཟང་དུ་སོང་ཡོད་པ་དང་།   ཐོན་ལས་གཙོ་བོ་དང་ཁྱད་ལྡན་དཔལ་འབྱོར་ལ་ཐོག་མའི་གཞི་ཁྱོན་ཆགས་ཡོད།  གཞི་རྩའི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་གྱུར་བ་དང་།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།    མི་སྡོད་པའི་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་བྱུང་བ་དང་།   རིགས་སོ་སོའི་མང་ཚོགས་ཀྱི་ཆབ་སྲིད་སྤུས་ཚད་དང་།  ཚན་རིག་རིག་གནས་ཀྱི་སྤུས་ཚད།   འཚོ་བའི་སྤུས་ཚད་སོགས་མངོན་གསལ་གྱིས་མཐོར་འདེགས་བྱུང་ནས་སྤྱིའི་འཕེལ་རྒྱས་ཆུ་ཚད་དེ་རྒྱལ་ཡོངས་བོད་ཁུལ་གྱི་སྔོན་གྲས་སུ་སླེབས་ཡོད།   རིག་གནས་ལ་བརྟེན་ནས་ཁུལ་དར་རྒྱས་གཏོང་བ་དང་།   ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ།   འཆམ་མཐུན་ལ་བརྟེན་ནས་ཁུལ་བདེ་འཇགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བཏང་ནས།   ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་བསྐྲུན་ཡོད།   

བདེ་ཆེན་ཁུལ་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་།   བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་།   ཏན་ཏིག་གིས་འཕེལ་རྒྱས་དང་བརྟན་བརླིང་།   དམངས་འཚོ་བཅས་ཀྱི་བྱ་གཞག་ཆེན་པོ་གསུམ་དམ་འཛིན་བྱས་ནས།   འབྱོར་ཕྱུག་དང་དམངས་གཙོ།   དཔལ་ཡོན།   སྒོ་འབྱེད།   སྐྱེ་ཁམས།   འཆམ་མཐུན་བཅས་ལྡན་པའི་བདེ་ཆེན་འཛུགས་སྐྲུན་བྱེད་དགོས་པ་དང་།    ཧུར་ཐག་གིས་བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་དཔེ་སྟོན་ཁུལ་དང་།   སེམས་ཀྱི་ཉི་ཟླ་ཆེན་མོའི་ལྟེ་བའི་ཁུལ་དུ་འཛུགས་སྐྲུན་བྱེད་དགོས་པར་བསྟན་ཡོད།   

མ་འོངས་པའི་དམིགས་འབེན་གསལ་ཐག་ཆོད་པ་ཞིག་གཏན་འཁེལ་བྱས་ཡོད།   ཏང་གི་འགོ་ཁྲིད་འོག   རིགས་སོ་སོའི་མང་ཚོགས་ཀྱིས་བསམ་བློ་བཅིང་འགྲོལ་དང་།   དོན་སྒྲུབ་དམ་འཛིན།  གསར་གཏོད་བྱེད་ཕོད་པ་དང་།   ནན་ཏན་གྱིས་ཚན་རིག་འཕེལ་རྒྱས་ལྟ་བ་དོན་འཁྱོལ་བཏང་བ་ཡིན་ན།   བདེ་ཆེན་གྱི་སང་ཉིན་ནི་སྔར་ལས་བདེ་ཞིང་སྐྱིད་པར་འགྱུར་ངེས་ཡིན།