འདས་ཟིན་པའི་ལོ་ལྔའི་རིང་གི་བདེ་ཆེན་གྱི་གྲུབ་འབྲས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས30ཉིན་གྱི་སྔ་དྲོར།ཡུན་ནན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྦྱོང་བརྡར་མདུན་སྐྱོད་མ་ལག་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བདེ་ཆེན་ཆེད་ཚོགས་དེ་ཁུན་མིང་ནས་བསྡུས་པ་དང་།ཡོངས་བསྒྲགས་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ།བདེ་སྐྱིད་འཆམ་མཐུན་གྱི་བདེ་ཆེན་གསར་བ་ཡིན་པ་རེད།


    ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལི་ཆན་གྱིས་ཡོངས་བསྒྲགས་ཚོགས་འདུ་ལ་གཙོ་སྐྱོང་བྱས་པ།


    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བདེ་ཆེན་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་རེད།


    ཁུལ་ཨུའི་རྒྱུན་ཨུ།ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ནོར་བུ་ཚེ་རིང་གིས་ཁུལ་ཡོངས་ཡུལ་སྐོར་དང་“དྲ་བ་ལྔའི”འཛུགས་སྐྲུན།གནད་འཕིགས་དབུལ་བྲལ།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།


    ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཀྲུང་གོའི་ཉེན་རེའི་ཚགས་པར།མི་དམངས་དྲ་བ།ཤིན་ཧྭ་དྲ་བ།ཡུན་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་།ཡུན་ནན་ཉིན་རེའི་ཚགས་པར་སོགས་གསར་འགྱུར་སྨྱན་སྦྱོར་50ལྷག་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས། བདེ་ཆེན་གྱི་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་དམིགས་སུ་བཟུང་བ་རེད།


    ཉིན་དེར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་ལོ་5 ཡི་རིང་བདེ་ཆེན་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་། རིག་གནས་དར་སྤེལ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་དང་བསྒྲུབས་པའི་ལས་ཀ་ཐད་ཤིན་ཧྭ་གསར་འགྱུར་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།