ཞིང་ཆེན་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་ཀའི་གློག་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་22ཉིན་གྱི་ཕྱི་དྲོ།ཞིང་ཆེན་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།གྲོས་ཚོགས་ཐོག་ནན་བཤད་བྱས་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་ལས་དབུལ་སྐྱོར་གྱི་ཇུས་འགོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྱད་ལྡན་གནས་བབ་བཟང་པའི་ཐོན་ལས་ཀྱི་གསོ་སྐྱོང་མགྱོགས་སུ་བཏང་སྟེ།དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་གྱི་བརྟན་པོའི་ངང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ཡུན་རིང་གི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས།

    ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའུ་ཁུན་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཆི་ཅན་ཞིན་བདེ་ཆེན་ཡན་ལག་ཚོགས་རར་ཞུགས་པ་རེད།

    བདེ་ཆེན་ཁུལ་གྱི་ཐིང་རིམ་པའི་འགོ་ཁྲིད་དང་།ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་།དམངས་གཉེར་ཁེ་ལས་ཀྱི་འཐུས་མི་སོགས་ཁུལ་ཨུའི་སྙན་ཞུ་ཁང་དུ་གྲོས་ཚོགས་ལྟ་ཉན་བྱས་པ་རེད།