བདེ་ཆེན་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ཆེན་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྟ་ཉན་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་15ཉིན།ཞིང་ཆེན་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་ཞིང་ཆེན་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།གྲོས་ཚོགས་ནས་བླང་བྱ་བཏོན་དོན།ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་ངོས་འཛིན་སྔར་བས་མཐོར་གཏོང་བ་དང་།དུས་བབ་གསལ་རྟོགས་བྱས་ཏེ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་རིང་བཏོན་པའི་གནད་དོན་ལ་དམིགས་ནས།རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱེད་པ་དང་།བཟའ་བཅའི་བདེ་འཇགས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་སྟེ།མི་དམངས་མང་ཚོགས་ཀྱི་“ལྕེ་ཐོག་གི་བདེ་འཇགས”ལ་སྲུང་སྐྱོང་བྱེད་དགོས།རང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁུལ་མི་དམངས་སྲིད་གཞུང་ཡན་ལག་ཚོགས་ར་རུ་ཚོགས་འདུ་ལྟ་ཉན་བྱས་པ་རེད།

    གྲོས་ཚོགས་ནས་བསྟན་དོན།ད་ལོ་ནས་བཟུང་།ཞིང་ཆེན་ཡོངས་ཀྱི་གནོད་མེད་བཟའ་བཅའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པས།ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བ་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།ཡིན་ན་ཡང་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱེད་དགོས་པ་ཞིག་ནི།མིག་སྔར་ཟས་རིགས་བདེ་འཇགས་ཀྱི་གནས་ཚུལ་སྔར་བཞིན་ཛ་དྲག་པོ་ཡོད།གོམ་པ་རྗེས་མར།ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་།འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་།མི་དམངས་ལྟེ་གནད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་བཟའ་བཅའི་བདེ་འཇགས་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས།