མྱི་ཟུར་གྲོང་ཚོའི་བུ་བཅོལ་ཁང་དངོས་སུ་སྒོ་ཕྱེས་པ།

རྩོམ་པ་པོ།   ཚེ།  ཡིག་བསྒྱུར།       དུས་ཚོད།   2017-09-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཟླ9པའི་ཚེས24ཉིན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོའི་བུ་བཅོལ་ཁང་དངོས་སུ་སྒོ་ཕྱེས་ཤིང་།  འདི་ནི་མྱི་ཟུར་གྲོང་ཚོའི་ཆེས་ཐོག་མའི་བུ་བཅོལ་ཁང་ཡིན།  རྒྱ་ཁྱོན་ལ་སྨི་གྲུ་བཞི་མ600ལྷག་ཡོད་པའི་བུ་བཅོལ་ཁང་འདིའི་ཁོར་ཡུག་མཛེས་ཤིང་།   བྱིས་པ་ཚོར་མཁོ་བའི་རྩེད་ཆས་དང་།    བྱ་འགུལ་ར་བ། ཉིན་གོང་གི་ངལ་གསོའི་མལ་ཁང་སོགས་ཆ་ཚང་བཀོད་སྒྲིག་བྱས་ཡོད།ལོ་ན3ནས་6བར་གྱི་བྱིས་པ་རིན་མེད་ངང་བུ་བཅོལ་ཁང་དུ་ཞུགས་ཆོག