སེམས་ཀྱི་ཉི་ཟླའི་བོད་ཀྱི་གོས་རྒྱན།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-09-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་རིགས་གོས་རྒྱན་ཕུན་སུམ་ཚོགས་པོ་ཡོད།དེ་ཡི་འབྱུང་ཁུངས།གྲུབ་ཆ་དང་འཕེལ་རྒྱས་ནི་བོད་རིགས་ཀྱི་དུས་ཡུན་རིང་པོར་གནས་སྡོད་པའི་རང་བྱུང་གི་ཡུལ་དུས་དང་གནམ་གཤིས་ཆ་རྐྱེན། ཐོན་སྐྱེད་དང་འཚོ་བ། ལོ་རྒྱུས་དང་རིག་གནས་འཕེལ་རྒྱས་སོགས་ལ་འབྲེལ་བ་ཆེན་པོ་ཡོད། གོས་རྒྱན་འདི་ཐོག་མཐའ་བར་གསུམ་དུ་བོད་མི་དམངས་ཀྱི་ཚོགས་སྤྱིའི་ཤེས་རིག་དང་གསར་སྐྲུན་བྱེད་ཤུགས་མཚོན་ཡོད།


བལ་འཁལ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་རིགས་སྡོད་གནས་ཀྱི་རང་བྱུང་གནས་ཚུལ་དང་། ཉེ་འཁོར་མི་རིགས་ཀྱི་ཤུགས་རྐྱེན་ཐེབས་ཚད་མི་འདྲ་བའི་རྐྱེན་གྱིས།ས་གནས་སོ་སོའི་བོད་རིགས་ཀྱི་གོས་རྒྱན་ཡང་མི་འདྲ་བའི་ཁྱད་ཆོས་ལྡན།

རྒྱལ་ཐང་དང་ཡང་ཐང་གི་མོ་གོས།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་ཐང་ཡང་ཐང་དང་ཉི་ཤར་གྱི་གོས་རྒྱན་ནི་སྤུས་དག་དང་མཛེས་པོ། སྟབས་བདེ་བཅས་ཀྱི་ཁྱད་ཆོས་ལྡན། མྱི་ཟུར་དང་གཡང་མདོ།གཏེར་མ་རོང་། ལྔ་ཤོག་སོགས་བོད་ཡུལ་ཁ་ཤས་ཀྱིས་ད་དུང་རང་ཉིད་ཀྱིས་བཟོས་པའི་བོད་གོས་གྱོན་འདུག

 


མྱི་ཟུར་གྱི་མོ་གོས།

    སྲོལ་རྒྱུན་ཐོག་བོད་ཀྱི་གོས་རྒྱན་གཙོ་བོ་ནི་ཕྱུ་བ་ཡིན།ཕྱུ་བ་ལ་ཕུ་ཐུང་རིང་ཞིང་། སྐེད་རྒྱ་ཆེ་བ། སྒྲོག་གུ་མེད་པའི་ཁྱད་ཆོས་གཙོ་བོ་ལྡན། ས་གནས་དང་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་མ་འདྲ་བའི་དབང་གིས།  འབྲོག་ཁུལ་ཕྱུ་བ་དང་རོང་ཁུལ་ཕྱུ་བ་གཉིས་སུ་དབྱེ་ཡོད། འབྲོག་ཁུལ་ཕྱུ་བ་ནི་སྡོད་གནས་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཞིང་། བྱེ་རླུང་དྲག་པོ་དང་གནམ་གཤིས་གྲང་བ་སོགས་ཀྱི་ཁྱད་ཆོས་ལྟར་རྒྱབ་ཤ་མེད་པའི་ཀོ་ལྭ་གཙོ་བོ་ཡིན་ཞིང་།  ཀོ་ལྭའི་ཕུ་ཐུང་གི་རྒྱ་ཞེང་ཆེན་པོ་ཡིན། རོང་ཁུལ་ཕྱུ་བ་ནི་སྡོད་གནས་རྒྱ་མཚོ་ངོས་ལས་མཐོ་ཚད་དམའ་ཞིང་། བྱེ་རླུང་འཇམ་པོ་དང་གནམ་གཤིས་དྲོ་བའི་ཁྱད་ཆོས་ལྟར་གོས་ཀྱི་རྒྱུ་ཆ་གཙོ་བོ་ནི་སྣམ་བུ་ཡིན།འབྲོག་ཁུལ་དང་རོང་ཁུལ་གང་ཡིན་ཡང་།ཕོ་གོས་དང་མོ་གོས་དབྱེ་ཡོད་ལ།དེ་ཚང་མ་བོད་ལྭ་ཆེན་པོ་ཡིན།


ལག་རྩལ་པས་ཕྱུ་བ་འདྲུབ་བཞིན་པ།

    འབྲོག་ཁུལ་གྱི་ཕོ་གོས་ཀྱི་ཀོ་ལྭའི་མགོ་མཇུག་དང་ཕུ་ཐུང་གི་ཁ་མཚམས་ཀུན་ལ་རྒྱ་ཞེང་ཧ་ལམ་ལི་སྨི10ནས50བར་གྱི་སྤུ་མ་ནག་པོའམ་འགོ་སྣམ་གྱི་ཕྲ་རྒྱན་རྒྱག་ཡོད།    མོ་གོས་ཀྱི་ཀོ་ལྭའི་རྒྱབ་ཤ་ལ་ལི་སྨི་ལྔ་ཙམ་ཡོད་པའི་ཁ་དོག་ལྔ་ཅན་པང་གདན་གྱི་ཕྲ་རྒྱན་རྒྱག་ཡོད། དེའི་རྗེས་སུ་དམར་པོ། སྔོ་པོ། ལྗང་གུ་སོགས་ཁ་དོག་ལྡན་པའི་རྒྱན་རས་དག་རྒྱ་ཞེང་ལི་སྨི་བཞི་ཡོད་པའི་རས་འཛར་གསུམ་ནས་ལྔ་རུ་དྲས་ཏེ་ཕྲ་རྒྱན་རྒྱག་ཡོད།ཕུ་ཐུང་ཡང་རྒྱན་རས་དེ་དག་གི་ཕྲ་རྒྱན་རྒྱག་ཡོད།


མྱི་ཟུར་གྱི་ལྡེབ་གོས་དང་ཕྱུ་བ།

    རོང་ཁུལ་ཕོ་གོས་ཀྱི་རྒྱུ་ཆ་ནི་སྣམ་བུ་དཀར་ནག་གཉིས་ཡིན།གོས་ཀྱི་གོང་བ་དང་ཕུ་ཁ། ཞབས་ཐིག་ཚང་མ་ཚོན་ལྡན་རས་ཁ་དང་གོས་དར་གྱི་ཕྲ་རྒྱན་རྒྱག་རྒྱུ་རེད། མོ་གོས་ཀྱི་རྒྱུ་ཆ་ནི་སྣམ་བུ། ཐེར་མ་དང་འགོ་སྣམ་བཅས་ཡིན། བོད་རིགས་བུད་མེད་ཀྱི་གོས་རྒྱན་ཡང་ས་གནས་ཀྱི་ཁྱད་པར་ཡོད། རོང་པའི་ས་ཁུལ་མང་ཤོས་ཀྱིས་མོ་གོས་སྟོད་ཀོར་སྨད་གཡོགས་གྱོན་དགའ་ཞིང་། ས་ཆ་གཞན་གྱི་བོད་མིས་ཕྱུ་བ་ཕུ་ཐུང་རིང་པོ་དང་སྟོད་འགག་ཐུང་ཐུང་གྱོན་དགའ།ཉེ་དུས་སུ་གྲོང་མཁར་ནང་དུ་མཛེས་ཤིང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་མོ་གོས་གསར་པ་བྱུང་ཡོད།


རྒྱལ་ཐང་གི་བོད་གོས།

    བོད་མིས་ཁ་དོག་གིས་བོད་གོས་ལ་མཛེས་རྒྱན་སྤྲ་ཆེད།བོད་གོས་འཚེམ་བཟོའི་གོ་རིམ་ནང་དུ།ཁ་དོག་སྡེབ་སྒྲིག་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ།ཁ་དོག་དང་སྤྱི་ཁོག་གི་མཐུན་སྦྱོར་གཟེངས་སུ་ཐོན་ཆེད།གོས་མཐའི་རྒྱན་ཆ་མང་ཤོས་ནི་དམར་པོ་དང་།སེར་པོ།སྔོན་པོ།ལྗང་གུ།དཀར་པོ་དང་ནག་པོ་སོགས་སྒྲིག་སྦྱོར་བྱེད་དགོས་ཤིང་།ཁ་དོག་རེ་རེ་ཡང་རང་ཉིད་ཀྱི་མཚོན་བྱེད་གོ་དོན་ཡོད།


མྱི་ཟུར་གྱི་ཕོ་གོས།

    སེམས་ཀྱི་ཉི་ཟླ་རྫོང་གི་བོད་རིགས་ཀྱི་ཕོ་གོས་མང་ཆེ་བ་ནི་འདྲ་འདྲ་ཡིན་ཞིང་།རིམ་པ་ཉིས་ཟློས་ལ་མཐོང་ཆེན་བྱེད་ཀྱི་ཡོད་དེ་གོས་ཀྱི་རྒྱུ་ཆའི་ཁ་དོག་གསལ་པོ་ཡོད།ནང་ལ་རས་ཀྱི་ཚིལ་ལེན་གྱོན་དགའ་ལ།རྒྱབ་ལ་རས་དང་འགོ་སྣམ།སྣམ་བུ།དར་གོས་སོགས་ཀྱིས་བཟོས་པའི་ཕྱུ་བ་གྱོན་དགའ་ཞིང་།སྨད་ལ་རས་དཀར་དོར་མ་གྱོན་དགའ།མགོ་ལ་གསེར་འགྲིལ་ཞྭ་མོ་གྱོན་པ་དང་ཝ་ལྤགས་ཞྭ་མོ་གཡོག་པ།རྐང་ལ་ལྷམ་ཡུ་རིང་གྱོན་པའི་སྲོལ་ཡོད།


ཐག་འཐག་པ།


ཕྱར་འཐག

    སེམས་ཀྱི་ཉི་ཟླ་རྫོང་གི་ས་ཆ་མང་པོར་ད་དུང་ཕོ་རྨོ་མོ་འཐག་གི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་ལུགས་ད་དུང་སོར་ཉར་ཡོད།ཁྱད་པར་དུ་གཏེར་མ་རོང་།གཡང་མདོ་དང་མྱི་ཟུར་སོགས་ས་ཆའི་བུད་མེད་ཀྱིས་བསླས་འཐག་ཤེས་པ་རེད།ས་གནས་འདིར་བུད་མེད་བསླ་འཐག་མ་ཤེས་ན།བུད་མེད་མི་རྩིས་ཞེས་པའི་བཤད་སྲོལ་ཡོད།ཁྱིམ་ཚང་ཚང་མས་བོད་རིགས་དམངས་ཁྲོད་སྲོལ་རྒྱུན་ཀྱི་འཁལ་འཐག་ལག་རྩལ་ད་དུང་རྒྱུན་འཛིན་བྱེད་ཀྱིན་ཡོད་དོ།