ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་22ཉིན། ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་སྐོང་ཚོགས་བྱས་པ། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་གཙོ་སྐྱོང་བྱས་པ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཆི་ཅན་ཞིན་གྲོས་ཚོགས་སུ་ཞུགས་པ་རེད།
    གྲོས་ཚོགས་ཐོག་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཟླ་9 ཚེས་12 ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཞིའུ་ལིང་གིས་བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་སྙན་ཞུ་གསན་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཡུན་ནན་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་སྐོར་ཞིབ་ཀྱི་ལྡོག་འདྲེན་ལ་དག་ཐེར་དང་བཅོས་སྒྲིག་བྱས་ཚུལ་བརྒྱུད་བསྒྲགས་བྱས།
    ཚོགས་འདུའི་ཐོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། བདེ་ཆེན་རྫོང་།འབའ་ལུང་རྫོང་།གསར་སྤེལ་ཆུས་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད། ཚོགས་འདུའི་ཐོག་དུས་རིམ་སྔོན་མའི་དག་ཐེར་ཡོ་བསྲང་གི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་། འབུར་དུ་ཐོན་པའི་མི་འདང་ས་དང་ལྷུ་ཚིགས་ཞན་ས་བསྟན་ཞིང་།གོམ་རིམ་འོག་མའི་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་བཀོད་སྒྲིག་བྱས་པ།ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་སློབ་གསོ་ཅུས། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན།ཁུལ་ནགས་ལས་ཅུས་ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས།ཁུལ་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་ཡིག་ཐོག་གི་སྙན་ཞུའི་དཔྱད་ཡིག་སྤྲོད་པ་རེད།
    ཀུའུ་ཁུན་གྱིས་ནན་བཤད་གནང་དོན། ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ནན་ཏན་གྱིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།མགྱོགས་མྱུར་སྒོས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཨུའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་ཚོགས་འདུའི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་གཙོ་གནད་ལས་འགན་དང་། དམིགས་ཚད་ལ་དམ་པོར་དམིགས་པ། དུས་ཚོད་ལྡོག་རྩིས་དང་སྔར་བས་འགན་འཁྲི་གསལ་འབེབས་དང་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། གཙོ་གནད་དང་དཀའ་གནད་སེལ་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཀུའུ་ཁུན་གྱིས་བླང་བྱ་བསྟན་དོན། གཅིག་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་ཀའི་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་ཚད་མཐོའི་མཐོང་ཆེན་དང་། དུད་ཚང་ལ་གནད་སྨིན་དབུལ་སྐྱོར་བྱེད་ཐབས་དམ་འཛིན་དང་ཞིབ་འཛིན་བྱེད་དགོས།གསུམ་ནས་སྒྲིག་ཁྲིམས་ནན་པོ་དང་དམིགས་ཚད་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་ཡོང་བར་འགན་ལེན་བྱེད་དགོས། བཞི་ནས་སེམས་ཤུགས་གཅིག་སྡུད་ཀྱིས“ལྟོ་གོས་གཉིས་ཀྱི་སེམས་ཁྲལ་མི་དགོས་པ་དང་འགན་སྲུང་གསུམ”གྱི་བླང་བྱ་ལ་དམ་པོར་དམིགས་དགོས།
    ཆི་ཅན་ཞིམ་གྱིས་ནན་བཤད་གནང་དོན། ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་སོ་སོ་ནས་བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ད་རེས་ཀྱི་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ། རང་སོའི་འགན་ནུས་དང་འགན་འཁྲི་གཞིར་བཟུང་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། ཆི་ཅན་ཞིམ་གྱིས་བླང་བྱ་བསྟན་དོན།རིམ་ཁག་སྡེ་ཚན་ཁག་གིས་གཅིག་ནས་སློབ་གསོའི་དབུལ་སྐྱོར་ལས་དོན་དམ་འཛིན་བྱེད་དགོས་པ་དང་། གཉིས་ནས་བདེ་ཐང་གི་དབུལ་སྐྱོར་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས།གསུམ་ནས་ཉེན་ཁང་སྒྱུར་བཀོད་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། སྔོན་ལ་བཀོད་སྒྲིག་བྱེད་པ་དང་།ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་དང་མ་དངུལ་གྱི་ཁ་ཆག་ཆད་གསབ་བྱེད་དགོས། བཞི་ནས་རང་བྱུང་གྲོང་ཚོའི་གློག་འདོན་ཡོངས་ཁྱབ་བྱ་རྒྱུ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བྱེད་པ་དང་། གྲོང་གསེབ་ཀྱི་གློག་དྲ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་དགོས། ལྔ་ནས་གྲོང་གསེབ་ཀྱི་གཞུང་ལམ་སྲ་འགྱུར་ལ་ཤུགས་སྣོན་རྒྱག་དགོས་པ་དང་།གྲོང་གསེབ་ཀྱི་གཞུང་ལམ་དྲ་བའི་རྣམ་པ་ལེགས་སུ་གཏོང་དགོས། དྲུག་ནས་ཐོན་ལས་དབུལ་སྐྱོར་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ཐོན་ལས་ལས་བརྟེན་ནས་དབུལ་སྒྲོལ་དང་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་ཐུབ་པ་བྱེད་དགོས། བདུན་ནས་དགེ་མཚན་ལྡན་པའི་ངང་གོང་རིམ་ལ་མ་དངུལ་བརྩོན་ལེན་བྱེད་དགོས།བརྒྱད་ནས་དབུལ་སྐྱོར་མ་དངུལ་གྱི་བེད་སྤྱོད་བྱེད་ཚད་མགྱོགས་སུ་གཏོང་དགོས།
    ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་།ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད།