འགྲིམ་འགྲུལ་གྱི་འཕེལ་རྒྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-25   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།



    འགྲིམ་འགྲུལ་ཡོ་བྱད་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་རེད།ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས།མིའི་རིགས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཇེ་མང་དང་ཇེ་ལེགས་སུ་སོང་ཡོད་པ་རེད།



    སྔ་དུས་ཀྱི་གནའ་མི་ཕར་འགྲོ་ཚུར་འོང་བྱེད་སྐབས།རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་འགྲོ་དགོས་པ་རེད། 





    འགྲོ་བ་མིའི་རིགས་ཀྱིས་རྟ་དང་བོང་བུ་སོགས་བཏུལ་ནས་རང་ཉིད་ཀྱི་ཞོན་རྟ་བྱས་རྗེས།འགྲིམ་འགྲུལ་སྔར་ལས་ལྷག་པའི་སྟབས་བདེ་ཅན་དུ་སོང་ཡོད། 



    ལྕགས་རྟ་གསར་གཏོད་བྱས་པ་ནི་འགྲིམ་འགྲུལ་ཡོ་བྱད་འཕེལ་རྒྱས་སྟེང་སྔར་བྱུང་མ་མྱོང་བའི་གསར་བརྗེ་གལ་ཆེན་ཞིག་རེད།དུས་ད་ལྟའི་བར་དུ་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་པ་ཆེས་མང་བ་དང་། ཆེས་སྟབས་བདེ་བའི་འགྲིམ་འགྲུལ་ཡོ་བྱད་ཅིག་རེད། 




    རླངས་འཁོར་བྱུང་བ་ནི་འགྲོ་བ་མིའི་རིགས་ཀྱི་འགྲིམ་འགྲུལ་ལོ་རྒྱུས་སྟེང་དོན་སྙིང་ཆེན་པོ་ལྡན་པའི་གསར་བརྗེ་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།



    གནམ་གྲུ་བྱུང་རྗེས་མིའི་རིགས་ཀྱི་འགྲིམ་འགྲུལ་དང་འཚོ་བ་ལ་སྔར་ལས་ལྷག་པའི་འགྱུར་བ་ཆེན་པ་ཞིག་བྱུང་ཡོད་པ་མ་ཟད།འགྲོ་བ་མིའི་རིགས་མཁའ་ལམ་ནས་འགྲོ་ཐུབ་པའི་ལོ་རྒྱུས་ཀྱི་དབུ་ཚུགས་པ་རེད། 


    ང་ཚོ་འགྲོ་བ་མིའི་རིགས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྒང་ཡིན།