ཀྲུང་དབྱང་གི་འབྲེལ་ཡོད་རྟེན་འབྲེལ་ཚོགས་པ་དང་ཡུན་ནན་ཞིང་ཆེན་རྟེན་འབྲེལ་ཚོགས་པས་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་བརྟག་ཞིབ་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9ཚེས་14 ཉིན་གྱི་སྔ་དྲོ་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བཙུགས་ནས་ལོ་60 འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་། ཀྲུང་དབྱང་གི་འབྲེལ་ཡོད་རྟེན་འབྲེལ་ཚོགས་པ་དང་ཡུན་ནན་ཞིང་ཆེན་རྟེན་འབྲེལ་ཚོགས་པས་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་བརྟག་ཞིབ་བྱས་པ།ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་རྟེན་འབྲེལ་ཚོགས་པའི་འགོ་འཛིན་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་གཉེར་ཨུ་ཡོན།ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཡིན་པའི་ཀྲང་ཅིན་ཙེ་སོགས་འགོ་ཁྲིད་བརྟག་ཞིབ་ཏུ་ཕེབས་པ་རེད།ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཐིང་རིམ་པ་རྒན་པའི་འགོ་ཁྲིད་ལི་ཚང་ཀོང་།ཁུལ་དཔོན་གཞོན་པ་ཧོ་ལི་ཕིང་སོགས་ཀྱིས་ལྷན་དུ་བརྟག་ཞིབ་བྱས་པ་རེད།
     ཉིན་དེར། ཀྲང་ཅིན་ཙེ་འཁོར་དང་བཅས་པ་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་དཔེ་སྟོན་ས་ཚིགས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ལས་ཡུལ་དངོས་སུ་ལྟ་ཞིབ་དང་འབྲེལ་ཡོད་ལས་ཀའི་སྙན་ཞུ་ཉན་པ་རེད།
     ཀྲང་ཅིན་ཙེ་ཡིས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་འཕེལ་རྒྱས་རྣམ་པ་དང་ལས་ཆོད་ལ་ཁས་ལེན་འདང་ངེས་བྱས་ཤིང་།ཁོང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་ཀྲུང་དབྱང་གི་སྔོ་མདོག་གི་འཕེལ་རྒྱས་འདུད་ཤེས་མཚོན་པར་བྱེད་ཡོད་པ་དང་།དཔལ་འབྱོར་གྱི་ཕན་ཁེ་དང་སྤྱི་ཚོགས་ཀྱི་ཕན་ཁེ།སྣོན་བཅུད་ཀྱི་ཕན་ཁེ་བཅས་དངོས་འགྲུབ་བྱུང་བ་གཅིག་གྱུར་བྱས་ཡོད། ལག་ལེན་ལས་“སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པ”དེ་བདེན་དཔང་བྱས་ཡོད་ཅེས་བཤད་པ་རེད། ཁོང་གིས་བདེ་ཆེན་ཁུལ་གྱིས་མུ་མཐུད་དུ་གསར་གཏོད་བྱེད་སྟངས་འཚོལ་ཞིབ་བྱེད་པ་དང་། ཡུལ་སྐོར་ཐོན་ལས་རིགས་སྒྱུར་རིམ་སྤོར་བྱས་ནས་སེམས་ཀྱི་ཉི་ཟླའི་སྤུས་རྟགས་དེ་དེ་བས་རྣམ་པར་བཀྲ་བར་བྱ་རྒྱུའི་རེ་བ་བཅངས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དེ་ཀྲུང་གོའི་སྐམ་ས་ཆེན་མོའི་རྒྱལ་ཁབ་སྤྱི་གླིང་ཨང་དང་པོ་ཡིན་ཞིང་།རྒྱལ་ཁབ་ཀྱི་Aརིམ་པའི་ལྗོངས་ཁུལ་ཡིན།དེ་ནི་པོ་ཏ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དང་གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་ཧ་པ་གངས་རི་ལྗོངས་ཁུལ་གཉིས་ནས་གྲུབ་པ་རེད།སྤྱི་གླིང་དེ་མཐོ་རིའི་མཚེའུ་དང་གངས་རིའི་རྩྭ་ཐང་།མི་རིགས་གོམས་སྲོལ་བཅས་ཀྱིས་མིང་གི་གྲགས་པ་ཁྱབ་ཡོད་ལ།སྐྱེ་དངོས་སྣ་མང་ཅན་དང་ལྗོངས་གཟིགས་སྣ་མང་ཅན།རིགས་གནས་སྣ་མང་ཅན་བཅས་གཞི་གཅིག་ཏུ་གྲུབ་ཡོད་སྟབས།ཚད་མཚོའི་སྲུང་སྐྱོང་རིན་ཐང་དང་འགྲེམ་སྟོན་རང་ཐང་ལྡན་པ་རེད།