ད་ལོ་ནས་བཟུང་ཁེ་ལས་ཀྱི་དཀའ་ངལ་ཡོད་པའི་ལས་འཁྱུར་ངལ་གསོའི་མི་སྣས་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་རེ་འདུན་ཞུ་ཆོག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-21   རྩོམ་ཁུངས།   

     ཉེ་ཆར་ཁུལ་མི་དམངས་སྲིད་གཞུང་གིས་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་འཚོ་བར་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་འཁྱུར་མི་སྣའི་རོགས་སྐྱོར་ལས་དོན་ལག་བསྟར་ཇུས་གཞིའི་སྐོར་གྱི་བརྡ་ཐོ》 འོག་འགྲེམས་བྱས་པ་རེད།ཡིག་ཆའི་ཐོག་གཏན་འབེབས་བྱས་དོན། རང་ཁུལ་དུ་ཁེ་ལས་ལས་བཟོའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཡོད་པར་མ་ཟད། རྒྱུན་ལྡན་གྱི་ལས་འཁྱུར་ངལ་གསོའི་འགྲོ་ལུགས་སྒྲུབ་པ་ཡོད་ཅིང་འཚོ་བར་དཀའ་ངལ་ཡོད་པའི་སྔོན་གྱི་རྒྱལ་དབང་ཁེ་ལས་དང་ཐུན་མོང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ་ལ་མི་རེར་ལོ་རེར་འཚོ་བའི་དཀའ་ངལ་རོགས་དངུལ་སྒོར་3600ཐོབ་ཐུབ་རྒྱུ་རེད།
     《 བརྡ་ཐོའི》 ནང་གཏན་འབེབས་བྱས་དོན། ཁ་གསབ་བྱ་ཡུལ་ནི་རང་ཁུལ་གྱི་ཁེ་ལས་ཀྱི་ལས་བཟོའི་རྒན་གསོའི་འགན་བཅོལ་ལ་ཞུགས་ཡོད་པར་མ་ཟད། རྒྱུན་ལྡན་གྱི་ལས་འཁྱུར་ངལ་གསོའི་འགྲོ་ལུགས་སྒྲུབ་ཡོད་པ་དང་། ཟླ་རེའི་རྒན་གསོའི་དངུལ་ལོངས་སྤྱོད་པའི་རང་ཁུལ་གྱི་ལོ་དེའི་ཆ་སྙོམས་ཀྱི་རྒན་གསོའི་ཐོབ་ཐང་གི་ཆུ་ཚད་ལས་དམའ་བ(སྒོར་བརྒྱའི་སྡེ་ཚན་གྱི་ཚད་གཞི་ལ་ལོངས་པའང་དེ་རུ་ཚུད་ཡོད) ་ལྟར། བཟའ་ཟླ་དང་དེའི་མཉམ་དུ་འཚོ་བ་རོལ་བའི་ཕྲུ་གུ་(བུའི་མནའ་མ་དང་བུ་མོའི་མག་པ)ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ནང་ཞུགས་མེད་པར་མ་ཟད་། ཡིག་ཆའི་ཁྲོད་ཞིབ་ཕྲའི་རོགས་སྐྱོར་གྱི་ཆ་རྐྱེན་དང་མཐུན་པའི་དེ་སྔའི་རྒྱལ་དབང་ཁེ་ལས་དང་ཐུན་མོང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣ་ཡིན་ན། 2017 ལོ་ནས་བཟུང་།ལོ་ལྟར་གྱི་ཟླ་9པ་ནས་ཟླ་10པའི་བར་དུ་མི་རེར་ལོ་རེར་སྒོར་3600 སྲིད་གཞུང་གི་རོགས་སྐྱོར་ཐེབས་རྩ་ལོངས་སུ་སྤྱོད་རྒྱུའི་རེ་འདུན་ཞུ་ཆོག་པ་རེད།
     《 བརྡ་ཐོའི་》 ཀྱི་གཏན་འབེབས་བྱས་དོན། སྲིད་གཞུང་གི་ཐེབས་རྩའི་རོགས་སྐྱོར་གྱི་ཆ་རྐྱེན་དང་མི་མཐུན་པ་ཡིན་མོད།འོན་ཀྱང་ནད་ཕོག་པ་དང་གནོད་འཚེ་ཐེབས་པ།གཏན་འཇོག་གི་སྡོད་ཁང་མེད་པ་སོགས་ཀྱི་དཀའ་ངལ་དངོས་གནས་ཡོད་པའི་དེ་སྔའི་རྒྱལ་དབང་ཁེ་ལས་དང་དེ་བཞིན་ཐུན་མོང་ཁེ་ལས་གཙོ་བོར་བྱེད་པའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣ་དང་སྲིད་ཇུས་རང་བཞིན་གྱི་རྒྱུ་རྐྱེན་གྱིས་དེ་སྔའི་རྒྱལ་དབང་ཁེ་ལས་དང་ཐུན་མོང་ཁེ་ལས་ལས་ཕྱིར་འཇེན་པའི་དཀའ་ངལ་ཡོད་པའི་མི་སྣ་དང་།དེ་མིན་དམིགས་བསལ་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣ་ཡིས། རང་ངོས་ཀྱི་ཞིབ་ཕྲའི་དཀའ་ངལ་གྱི་གནས་ཚུལ་ལ་གཞིགས་ནས། འགན་ནུས་སྡེ་ཚན་དུ་འབྱོར་ཏེ་རེ་འདུན་ཞུ་ཆོག་པ་དང་།དེ་བཞིན་འགན་སྡེ་ཚན་གྱིས་བཏོན་པའི་བླང་བྱ་ལྟར།མཁོ་བའི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱས་ན།འགན་ནུས་སྡེ་ཚན་ཁག་གིས་རོགས་སྐྱོར་བྱས་ཏེ་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣས་དཀའ་གནད་ལས་སྒྲོལ་བར་རོགས་རམ་བྱེད་རྒྱུ་རེད།
     《བརྡ་ཐོའི》ཐོག་བླང་བྱ་བཏོན་དོན། ཁ་གསབ་སྙན་ཞུ་འབུལ་རྒྱུའི་ལས་ཀ་ནི་ལོ་རེའི་ཟླ་9པའི་ཚེས་1ཉིན་ནས་ཟླ་10པའི་ཚེས་31ཉིན་བར་སྤེལ་རྒྱུ་ཡིན་ཞིང་། ཟླ་11པ་ནས་ཟླ་12པའི་བར་དུ་ཐོབ་ཐང་ལ་ཞིབ་བཤེར་བྱེད་པ་དང་ཡོངས་བསྒྲགས། གོང་གི་ཆོག་མཆན་ཞུ་རྒྱུ་དང་།དཔྱིད་གསར་དུས་ཆེན་གྱི་སྔོན་དུ་ལག་ཐོག་དངོས་སུ་སྤྲོད་ཚར་དགོས་པ་རེད། འབྲེལ་ཡོད་དབུལ་སྐྱོར་སྡེ་ཚན་གྱིས་ནན་ཏན་སྒོས་《ལག་བསྟར་ཇུས་གཞི》 གྱི་ཚད་གཞི་ལྟར་ཞིབ་བཤེར་དང་། རོགས་དངུལ་སྤྲོད་དགོས་པ་དང་། དུས་ཐོག་ཏུ་ལས་དོན་ཁྲོད་དུ་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པ་དང་།དུས་མཚུངས་སུ།ཁུལ་རོགས་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས།