མཁའ་འགྲུལ་གནམ་གྲུ་A319ས་མཐོའི་བཟོ་དབྱིབས་ཅན་སང་ལོར་བདེ་ཆེན་ནས་འཕུར་ཐུབ་རེ་ཡོད་པ།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།མིག་སྔར།  བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་“འཛམ་གླིང་གི་སེམས་ཀྱི་ཉི་ཟླ་”ཞེས་པ་བརྗོད་བྱ་བྱས་ནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་པ་མ་ཟད། ཁུན་མིང་མཁའ་འགྲུལ་དང་ཡུན་ནན་ས་དམར་མཁའ་འགྲུལ་དང་སོ་སོའི་བར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་རེད།
     ཁུན་མིང་མཁའ་འགྲུལ་དང་ཁུལ་སྲིད་གཞུང་གིས་མཉམ་ལས་བྱེད་པའི་མཁའ་ལམ་གསར་པ་ཤར་གཏོང་དང་། གནམ་གྲུར་ཚོན་བྱུག་པ་དང་མིང་བཏགས་པ།གནམ་གྲུ་བཟོས་ནས་ཕྱིར་འཚོང་སྲིད་ཇུས་སོགས་ཀྱི་ཐད་མཉམ་ལས་བྱས་ནས། བདེ་ཆེན་གྱི་ཡུལ་སྐོར་མཁའ་འགྲུལ་ཁྲོམ་རའི་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་རེད། ས་དམར་མཁའ་འགྲུལ་དང་ཁུལ་མི་དམངས་སྲིད་གཞུང་གིས་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་ཁ་ཆད་བཞག་ནས།ས་མཐོའི་བཟོ་དབྱིབས་ཅན་A319ནང་འདྲེན་བྱེད་རྒྱུ་དང་(སང་ལོར་མཁའ་འགྲུལ་3ནང་འདྲེན་བྱེད་རྒྱུ)། སྔོན་ལ་བདེ་ཆེན་གྱི་མཁའ་ལམ་ཤར་གཏོང་བྱེད་རྒྱུ།ཁུལ་སྲིད་གཞུང་གིས་མཁའ་ལམ་སྐྱེད་སྲིང་དང་། དུས་དང་རྣམ་པ་ཀུན་ཏུ་མཐུན་སྦྱོར་བྱེད་རྒྱུ་ཐད་རྒྱབ་སྐྱོར་ཆེན་པོ་གནང་བ་རེད།