འཇོལ་རྫོང་གིས་རྒུན་འབྲུམ་ཉོ་སྒྲུབ་དུས་ཚིགས་བསུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར། འཇོལ་རྫོང་མདའ་རི་གྲོང་ཚོའི་རྒུན་འབྲུམ་འདེབས་འཛུགས་དུད་ཚང་རྣམས་ཀྱིས་ཞིང་ནང་རྒུན་འབྲུམ་འཐུ་དང་། འཐུ་བའི་རྒུན་འབྲུམ་སྒྲོམ་དུ་བླུགས་པ་དང་། རྒྱ་མ་མཇལ་བ། ཐོ་འགོད་སོགས་བྱས་རྗེས་སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སིར་སྤྲད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་ཁུངས་ཀྱི་ཁྱད་ཡོན་དེ་དཔལ་འབྱོར་གྱི་ཁྱད་ཡོན་དུ་བསྒྱུར་ནས། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་ལ་སྐུལ་འདེད་གཏང་ཆེད། འཇོལ་རྫོང་གིས་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་རྒུན་འབྲུམ་འདེབས་འཛུགས་ཀྱི་ཐོན་ལས་ཁྱབ་གདལ་ཤུགས་ཆེན་བཏང་བ་མ་ཟད་ ། “མངགས་འདེབས་ཞིང་ལས་”ཀྱི་རྣམ་པའི་ཐོག་ནས་རྒུན་འབྲུམ་ཐོན་ལས་གསར་སྤེལ་དེ་སྣེ་འདྲེན་ཁེ་ལས་ལ་བརྟེན་པ་དང་། “ཀུང་སི་དང་རྟེན་གཞི།ཞིང་དུད”མཉམ་གཉེར་གྱི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཁྱབ་སྤེལ་བཏང་ཞིང་། སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སིའི་བར་ཡུན་རིང་བསྡུ་ཉོའི་གན་རྒྱ་བཞག་པ་རེད། མིག་སྔར་འཇོལ་རྫོང་རྒུན་འབྲུམ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་13800ཟིན་པ་དང་། རྫོང་ཡོངས་ཀྱི་ཤང་གྲོང་6ལ་ཁྱབ་ཡོད།
 ཉེ་བའི་ལོ་ཤས་རིང་། འཇོལ་རྫོང་གིས་རྒུན་འབྲུམ་ཐོན་ལས་ལ་རོགས་སྐྱོར་བྱས་པའི་མ་དངུལ་མུའུ་རེར་སྒོར་3820ཡིན་པ་དང་། འཇོལ་རྫོང་རྒུན་འབྲུམ་དོ་དམ་ཨུ་ལྷན་གྱིས་ད་དུང་དུས་ཡུན་རིང་པོར་འདེབས་འཛུགས་དུད་ཚང་ལ་ལག་རྩལ་དང་དོ་དམ་སོགས་ཀྱི་ཐད་གསོ་སྐྱོང་སྦྱོང་བརྡར་བྱེད་པར་རྩ་འཛུགས་གང་ལེགས་བྱས་པ་རེད།