བདེ་ཆེན་ལ་ཁུལ་དྲུག་གི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན །ཟླ་9པའི་ཚེས་18ཉིན་གྱི་ཕྱི་དྲོར།དཀར་མཛེས་ཁུལ་འཐུས་མི་རུ་ཁག་དང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་འཐུས་མི་རུ་ཁག བདེ་ཆེན་ཁུལ་འཐུས་མི་རུ་ཁག བོད་ལྗོངས་ལྷ་སའི་འཐུས་མི་རུ་ཁག་གིས་སྔོན་རྗེས་སུ་འགྲན་རྩོད་དྲག་པོ་བྱས་པ།མཐར་བདེ་ཆེན་ཁུལ་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།དཀར་མཛེས་ཁུལ་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་གཉིས་ཐོབ་པ་རེད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དུ་བདེ་ཆེན་ཁུལ་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ།

    ཤེས་རྟོགས་བྱུང་བར་གཞིགས་ན།ཟླ9པའི་ཚེས14ཉིན་ནས་ཚེས18ཉིན་བར་དུ།བོད་ལྗོངས་ལྷ་སའི་འཐུས་མི་རུ་ཁག་དང་།བོད་ལྗོངས་ཆབ་མདོའི་འཐུས་མི་རུ་ཁག སི་ཁྲོན་དཀར་མཛེས་འཐུས་མི་རུ་ཁག མཚོ་སྔོན་མཚོ་ནུབ་འཐུས་མི་རུ་ཁག་དང་བདེ་ཆེན་ཁུལ་འཐུས་མི་རུ་ཁག་སོགས་རུ་ཁག་དྲུག་གིས་རེས་འཁོར་རྐྱང་བའི་རྣམ་པར་བརྒྱུད་ནས་འགྲན་བསྡུར་བྱེད་རྒྱུ་ཡིན་པ་རེད།

 




འགྲན་བསྡུར་གྱི་ཡུལ་དངོས།

    ཟླ9པའི་ཚེས་14ཉིན་གྱི་སྔ་དྲོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ནས་གཟབ་རྒྱས་ངང་འགོ་ཚུགས་པ་རེད།  

 





སྤོ་ལོ་རྒྱག་རྩལ།

    བདེ་ཆེན་གནམ་སྔོན་པོའི་རོགས་སྐྱོབ་རུ་ཁག་གི་མི་ཐེངས་100ལྷག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བོད་ཁུལ་དྲུག་གི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དུ་ཞུགས་ནས་འགན་སྲུང་ལས་འགན་འཁུར་བ།རུ་མི་དེ་དག་ནི་བདེ་ཆེན་ཁུལ་གྱི་ལས་རིགས་ཁག་ནས་ཡོང་ཞིང་།སྐྱེས་པའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ལ་མྱུར་སྐྱོབ་དང་མང་ཚོགས་ཁ་འགྲེམ་པའི་འགན་སྲུང་ལས་ཀ་བྱས།



ལྟད་མོ་བ།