སྐྱེས་པའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ཛ་དྲག་ངང་འགོ་བརྩམས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་9སྟེང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ནས་གཟབ་རྒྱས་ངང་འགོ་ཚུགས་པ་རེད།  


 


    འགོ་ཚུགས་མཛད་སྒོའི་ཐོག་ད་དུང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཏེ་ཉི་ཤར་ཞབས་བྲོ་དང་།མཐའ་ཆུའི་རས་པ་སོགས་འཁྲབ་པ་མ་ཟད།གངས་རིའི་བུ་ཕྲུག་དང་སེམས་ཀྱི་ཉི་ཟླའི་ཚན་སྡེབ་སོགས་ཀྱིས་སྙན་པའི་གླུ་དབྱངས་འབུལ་བས།ཡུལ་དངོས་ཀྱི་ལྟད་མོ་བས་དགའ་བསུ་ཚད་མེད་ཐོབ་པ་རེད།འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་བདེ་ཆེན་ཁུལ་འཐུས་མི་རུ་ཁག་དང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གིས་ངོ་མཚར་བའི་འགྲན་བསྡུར་བསྡུས་ནས་འགྲན་བསྡུར་གྱི་འགོ་བརྩམས་པ་རེད།


 


    ཤེས་རྟོགས་བྱུང་བར་གཞིགས་ན།ཟླ9པའི་ཚེས14ཉིན་ནས་ཚེས18ཉིན་བར་དུ།བོད་ལྗོངས་ལྷ་སའི་འཐུས་མི་རུ་ཁག་དང་།བོད་ལྗོངས་ཆབ་མདོའི་འཐུས་མི་རུ་ཁགསི་ཁྲོན་དཀར་མཛེས་འཐུས་མི་རུ་ཁགམཚོ་སྔོན་མཚོ་ནུབ་ཀྱི་འཐུས་མི་རུ་ཁག་དང་བདེ་ཆེན་ཁུལ་འཐུས་མི་རུ་ཁག་སོགས་རུ་ཁག་དྲུག་གིས་རེས་འཁོར་རྐྱང་བའི་རྣམ་པ་བརྒྱུད་ནས་འགྲན་བསྡུར་བྱེད་རྒྱུ་ཡིན་པ་རེད།