བདེ་ཆེན་གྱི་ཐང་ཆེན་ཁག་ཏུ་མི་རིགས་མཉམ་སྤྲོ་གླུ་གར་དགོང་ཚོགས་འཚོགས།

རྩོམ་པ་པོ།   པདྨ་མཚོ།ཚེ་རིང་།གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-09-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9པའི་ཚེས་13ཉིན་གྱི་དགོང་མོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་རིགས་རིག་གནས་ཐང་ཆེན་དང་།  ཉི་སེར་ཐང་ཆེན།   དཀྱིལ་འཁོར་ཐང་ཆེན།   ཟླ་འོད་ཐང་ཆེན་སོགས་སུ་མི་རིགས་གླུ་གར་སྤྲོ་ཚོགས་ཆེན་མོ་བསྡུས་ཡོད་ཅིང་།    རྒྱ་ཆེ་བའི་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ལ་གཟབ་ཆས་གཙང་མ་གྱོན་ཏེ་སེམས་དལ་བག་ཕེབས་ངང་ནས་དགའ་སྤྲོའི་ལྟད་མོ་ལོངས་སུ་སྤྱོད་བཞིན་ཡོད།   ཉིན་དེའི་མཚན་མོར་སེམས་ཀྱི་ཉི་ཟླའི་སྲང་ལམ་ཁག་ཏུ་གློག་གཞུ་སྣ་ཚོགས་བཀར་ནས་གསལ་ཆ་ཆེ་ཞིང་།    ལྷབ་ལྷུབ་ཏུ་གཡོ་པའི་ཚོན་དར་སྣ་ལྔས་ཕྱོགས་བཞིའི་མགྲོན་པོ་ཡོངས་ལ་ལྷད་མེད་ཀྱི་དགའ་བསུ་བྱེད་པ་དང་ཀུན་ནས་མཚུངས།    སྦྱར་བྱང་རེ་རེའི་ཐོག་ཏུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་རྟེན་འབྲེལ་གྱི་ཤིས་ཚིག་གིས་བཀང་ཡོད་ལ།  ཡིད་དུ་འོང་ཞིང་སྙན་འཇེབས་ལྡན་པའི་གླུ་སྒྲས་མི་རྣམས་ཀྱི་ཡིད་དབང་འགུག་པར་བྱེད།  


 

 


 


དཀྱིལ་འཁོར་ཐང་ཆེན་དུ་མི་རིགས་མཉམ་སྤྲོ་འཚོགས་པ།


 


འཇང་གི་ཨ་ལིས་ལིས་ཞབས་བྲོ་འཁྲབ་པ།


 

 

འཇོལ་གཞས་འཁྲབ་པ།  

    མི་རྣམས་ཀྱིས་མི་ཕུང་གི་མཐའ་བསྐོར་ཞིང་ལག་རྡེང་སྦྲེལ་ནས་རྒྱལ་ཐང་སྐོར་བྲོ་འཁྲབ་པ་དང་།   འཇོལ་རྫོང་གི་པི་ཝང་དཀྲོལ་བ།   རས་པའི་ཞབས་བྲོ་འཁྲབ་པ།   ད་དུང་དབྱི་རིགས་ཀྱི་ཞབས་བྲོ།   ལི་སུའུ་རིགས་ཀྱི་ཨ་ཁྲུ་མུའུ་ཀ   འཇང་རིགས་ཀྱི་ཨ་ལིས་ལིས་སོགས་འཁྲབ་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བར་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད།  མཛེས་སྡུག་ཡིད་དུ་འོང་ཞིང་འཆམ་མཐུན་བརྟན་བརླིང་ཡིན་པའི་ཕ་ཡུལ་གྱི་བདེ་ཆེན་སྔར་ལས་འབྱོར་ཕྱུག་ལྡན་ཞིང་དར་རྒྱས་ཕུན་ཚོགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།