སེམས་ཀྱི་ཉི་ཟླ་ནས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བསྡུས།

རྩོམ་པ་པོ།   པདྨ་མཚོ།ཚེ་རིང་།གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-09-14   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས13ཉིན།2017ལོའི་ཀྲུང་གོ་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དེ་སེམས་ཀྱི་ཉི་ཟླའི་བེ་ཤ་གླིང་ཁུལ་ནས་གཟབ་རྒྱས་ངང་བསྡུས་པ་རེད།

    

 


 


 


ཐོན་རྫས་འགྲེམས་ཚོང་གི་ཡུལ་དངོས་སུ།རྒྱལ་ཡོངས་ས་གནས་ཁག་དང་ཕྱི་རྒྱལ་ནས་ཡོང་བའི་འགྲེམས་སྟོན་ལ་ཞུགས་པའི་ཁྱད་ལྡན་ཐོན་རྫས་བཀོད་སྒྲིག་བྱས་ཚར་ཟིན།ཚོང་བདག་གིས་མང་ཚོགས་རྣམས་ལ་ཞིབ་ཕྲའི་སྒོ་ནས་ཁྱད་ལྡན་ཐོན་རྫས་ཀྱི་འབྲེལ་ཡོད་གནས་ཚུལ་འགྲེལ་བཤད་བྱས་པ་དང་།ཚང་མས་འཚང་ག་ཤིག་ཤིག་ངང་རང་ཉིད་ཀྱི་བློ་ལ་བབས་པའི་ཚོང་ཟོག་ཉོ་བཞིན་ཡོད།

 


 


 


    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཐོག་གི་ཚོང་ཟོག་སྣ་མང་དང་སྤུས་ཚད་ལེགས་པོ་རེད།ད་ཐེངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམས་འཚོང་ཚོང་འདུས་ཐོག་བཤམས་པའི་ཚོང་ཟོག་ལ་བཟའ་བཅའི་ཐོན་ལས་དང་ཡུལ་སྐོར་རིག་གནས་།ཁྱད་ལྡན་ཞིང་ཞོར་ཐོན་རྫས།མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས།ཡུལ་སྐོར་དྲན་རྟེན་དངོས་རྫས་སོགས་བསྡོམས་པས་སྣ་ཁ་2000 ལྷག་ཡོད་པ་རེད།