བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ཆེན་བསྡུས།

རྩོམ་པ་པོ།   པདྨ་ཚེ་རིང་།པདྨ་མཚོ།ཚེ་རིང་།གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-09-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།དེ་རིང་སྔ་དྲོའི་ཆུ་ཚོད9དང་སྐར་མ30སྟེང་།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ཆེན་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་རིགས་ལུས་རྩལ་ཁང་ནས་གཟབ་རྒྱས་ངང་བསྡུས་པ་རེད།རྒྱ་ཆེའི་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ལ་འཕྱོར་སྒེག་གི་གཟབ་ཆས་སྤྲས་ཤིང་གདོང་ལ་དགའ་སྤྲོའི་འཛུམ་མདངས་འཁོལ་བཞིན་ལྷག་བསམ་གཙང་མའི་སྒོ་ནས་བཀྲ་ཤིས་པའི་སྐྱེས་སྐར་གྱི་ཉིན་མོ་འདི་ལ་བསུ་མ་རྒྱ་ཆེན་པོ་བྱས་ཡོད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་དགའ་སྟོན་རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས།

 

ཚོགས་མི་ཡོངས་ཡར་ལངས་ནས་རྒྱལ་དར་བསྒྲེང་བ།


ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་ཀྲང་ཅིན་ཙེ་ཡིས་གསུང་བཤད་གནང་བཞིན་པ།

ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིས་ཞིའུ་ལིན་གྱིས་གསུང་བཤད་གནང་བཞིན་པ།

ཀྲུང་གུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི།དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའུ་ཁུན་གྱིས་ཤིས་ཚིག་འབུལ་བཞིན་པ།

ཀྲུང་གུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་རྟེན་འབྲེལ་མཛད་སྒོ་ལ་འགོ་འཛིན་བྱས།

མདོ་འཛིན་པས་རྟེན་འབྲེལ་ཞུ་ཚིག་འདོན་པ།

        ལོ་ངོ་60ལྷག་གི་རིང་ལ་ཏང་གི་མི་རིགས་སྲིད་ཇུས་ཀྱི་བྱམས་བརྩེའི་དྲོད་སྣང་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་འཁུར་ཟབ་མོ།ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། གཞན་ཡང་སྤྱི་ཚོགས་ལས་རིགས་ཁག་སོ་སོའི་རྒྱབ་སྐྱོར་མི་དམན་པ་བྱས་འོག ཀྲུང་གུང་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ལ་སྣེ་ཁྲིད་བྱས་ཏེ་འབད་བརྩོན་ལྷོད་མེད་དང་། བསམ་བློ་བཅིངས་འགྲོལ་བྱས་ནས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར།སྤྱི་ཚོགས་འཆམ་མཐུན་བརྟན་རླིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་གནས་བབ་ཡག་པོ་མངོན་འགྱུར་བྱུང་བ་མ་ཟད། བདེ་ཆེན་བོད་ཁུལ་བཅོས་བསྒྱུར་དང་། འཕེལ་རྒྱས།བརྟན་རླིང་བཅས་ཀྱི་སྒོ་མོ་ལེགས་པོར་ཕྱེས་ཡོད།ལོ་ངོ་60རིང་ལ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་དང་སྤྱི་ཚོགས་ལས་རིགས་ཁག་ཡོངས་ཀྱི་རྒྱབ་སྐྱོར་འོག བཀྲ་ཤིས་ཤིང་གཡང་འཁོར་བའི་བདེ་ཆེན་གྱི་ཡུལ་གྲུ་འདི་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་60ལོན་པའི་དགའ་སྤྲོའི་ཉིན་མོ་ལ་བདེ་ཆེན་མི་དམངས་ཀྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།   


 


 


 


 


དགའ་སྟོན་རྟེན་འབྲེལ་གྱི་ཡུལ་དངོས།

        ང་ཚོས་ལྷག་བསམ་རྣམ་དག་གིས་བདེ་ཆེན་འདི་ཉིད་བདེ་སྡོད་ལས་བརྩོན་དང་འགན་ལེན་ནུས་ལྡན།ཁྱིམ་གཞི་མཛེས་ཤིང་སྡུག་པ།མི་རིགས་མཐུན་སྒྲིལ་ཡོང་བ།དཔལ་ཡོན་དང་འཆམ་མཐུན་ལྡན་པའི་བོད་ཁུལ་གསར་བ་ཞིག་ཏུ་འགྱུར་བའི་སྨོན་འདུན་ཞུ་རྒྱུ་ཡིན་པ་མ་ཟད།   བདེ་ཆེན་གྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་ཞིང་།    རིགས་སོ་སོའི་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།