བདེ་ཆེན་གྱི་ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན།

རྩོམ་པ་པོ།   ཚེ།  ཡིག་བསྒྱུར།       དུས་ཚོད།   2017-09-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      2016ལོའི་ཟླ9པར་གུའུ་ཁུན་ལགས་བདེ་ཆེན་ཁུལ་གྱི་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཧྲུའུ་ཅི་ལ་བདམས་ཐོན་བྱུང་བ་དང་། . 2017ལོའི་ཟླ3པའི་ཚེས30ཉིན།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་གུའུ་ཁུན་ལགས་བདེ་ཆེན་ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་རེད།  

              བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་བཀྲ་ཤིས་པའི་ཉིན་མོ་ཐོན་ལ་ཉེ་བའི་སྐབས་འདིར།ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།ཁོང་གིས་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་བའི་སྐབས་འདིའི་ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་སྐྱོང་བྱེད་ཕྱོགས་དང་ཀྲུང་དབྱང་གི་བོད་ཁུལ་ལས་ཀའི་རྩ་དོན་གཙོ་བོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  སྟོབས་ཤུགས་གང་ཡོད་ཀྱིས་རང་ཁུལ་གྱི་མཆོང་སྤྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།བདེ་ཆེན་གྱི་བོད་ཁུལ་ལ་བརྟན་བརླིང་བྱུང་བར་སྐུལ་འདེད་གཏོང་བ།བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།དམངས་འཚོ་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་བ་དང་།བདེ་ཆེན་གྱི་མང་ཚོགས་རྣམས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྤྲོད་རྒྱུ་དེ་ཡིན་ཞེས་གསུངས།  

 

བདེ་ཆེན་གྱི་ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན།

              གུའུ་ཁུན་གྱིས་ལོ་འཁོར་60ཡི་རིང་བདེ་ཆེན་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།ང་ཚོས་རྒྱུན་མཐུད་ངང་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་གཏོང་བ་དང་།ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་འཕེལ་རྒྱས་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པ་དང་།མཆོང་སྤྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་བྱུང་།   

              ལོ་ལྔ་ཚན་བཅུ་གསུམ་པའི་སྐབས། རྨང་གཞིའི་འདིང་བར་རྒྱུན་འཁྱོངས་བྱས་ནས།རང་ཉིད་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་གསོ་སྤེལ་རྒྱུན་འཁྱོངས་བྱས་ནས།རང་ཉིད་གོང་དུ་སྤེལ་བའི་རྩ་བའི་སྒུལ་ཤུགས་ལ་ཤུགས་བསྣན་པར་རྒྱུན་འཁྱོངས་བྱས་ཡོད་དེ། གཅིག་ནི་ཡུལ་སྐོར་ལས་རིགས་ཇེ་རྒྱས་ཇེ་བཟང་དུ་གཏོང་བ།གཉིས་ནས་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་ཅན་དང་གསར་གཏོད་ཅན།ཆ་འཕྲིན་ཅན།སྔོ་ལྗང་ཅན་གྱི་ཐོན་ལས་གོང་འཕེལ་གཏོང་བའི་ལམ་དུ་འགྲོ་བ།གསུམ་ནི་ཐོན་ལས་འཕེལ་རྒྱས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་བཅས་ཡིན།

    སྐྱེ་ཁམས་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ནས།རྒྱལ་ཡོངས་བོད་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ།གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ།གཉིས་ནས་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་ལ་ཤུགས་སྣོན་པ།

དམངས་འཚོ་ཕན་ཐོགས་པར་རྒྱུན་འཁྱོངས་བྱས་ནས།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་གོམ་སྟབས་ལ་སྐུལ་འདེད་གཏོང་བ།གཅིག་ནས་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་ཤུགས་རྒྱག་ས་དང་ཐོག་མའི་དམིགས་སར་བྱས་ནས།དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་བར་བྱེད་པ།གཉིས་ནི་སློབ་གསོའི་སྤུས་ཚད་དང་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ།གསུམ་ནི་སྤྱི་ཚོགས་འགན་སྲུང་མ་ལག་ལེགས་བཅོས་བྱས་ནས།དོན་དངོས་ཀྱིས་དམངས་འཚོ་ལ་ལེགས་བཅོས་དང་འགན་སྲུང་བྱེད་པ།

      བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་བོད་ཁུལ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་ལ་འཛུགས་སྐྲུན་བྱས་ནས།ཐོག་མཐའ་བར་གསུམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་རྩ་དོན་དང་གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་གྱི་རྩ་དོན།བཅོས་སྒྱུར་གསར་འབྱེད་ཀྱི་རྩ་དོན་སོགས་རྒྱུན་འཁྱོངས་བྱེད་དགོས། 

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བར་བདེ་ཆེན་ཁུལ་ལ་མཚོན་ན་བཤད་ན་ཆེས་ཁ་ཚ་དགོས་གཏུག་དང་ཆེས་ལྗིད་རྫོབ་ཆེ་བའི་འགན་འཁྲི་ནི་གང་ཞིག་ཡིན་ནམ་ཞེས་པའི་སྐོར་ལ།   ཁོང་གིས་གཏིང་ཟབ་ཀྱིས་དབུལ་པོའི་བཙན་རྫོང་མཁྲེགས་གཏོར་བྱས་ནས།   དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བ་དང་།    བོད་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་ཏུ་བཅུག་ནས།   བདེ་ཆེན་འདི་ཉིད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་རྒྱུ་ནི་ཆེས་ལྗིད་པའི་འོས་འགན་དང་དོན་ཆེན་ཡིན་ཞེས་གསུངས་བྱུང་།   

   དུས་ཡུན་རིང་བོར་ང་ཚོས་གཏིང་ཟབ་ཀྱིས་འཆམ་མཐུན་ལ་བརྟེན་ནས་ཁུལ་སྐྱོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ཡོད་པ་དང་།  དར་ཆ་གསལ་སྒྲེང་སྒོས་ཏང་གི་རྗེས་སུ་འབྲངས་པ་དང་།  ཁ་བྲལ་ལ་ངོ་རྒོལ།   མཐུན་སྒྲིལ་དང་འཆམ་མཐུན་ལ་སྐུལ་འདེད།   བརྟན་བརླིང་སྲུང་སྐྱོང་བྱས་ཏེ་བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བའི་དཔེ་སྟོན་ཡུལ་གྲུ་ཞིག་ཏུ་གྱུར་ཡོད།    བདེ་ཆེན་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས་ན།     གཅིག་ནས་གཏིང་ཟབ་ཀྱིས་སྲོག་ཤིང་ལ་བརྩི་བཀུར་དང་།    སེམས་པ་པེ་ཅིང་ལ་ཕྱོགས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱ་འགུལ་སྤེལ་ནས།   བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་དགོས།   གཉིས་ནས་ཕྱོགས་ཡོངས་ཀྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དགོས།   གསུམ་ནས་མཐའ་གཅིག་གིས་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས།   བཞི་ནས་མི་རིགས་མཐུན་སྒྲིལ་དང་ཕན་ཚུན་རོགས་རས་ལ་ཤུགས་སྣོན་དགོས།    ལྔ་ནས་ཕྱོགས་ཡོངས་ཀྱིས་ཁྲིམས་ལྟར་བོད་སྐྱོང་དགོས་པ་བཅས་ཡིན།

སེམས་ཀྱི་ཉི་ཟླ་ནི་ཀྲུང་གོས་ཡིན་ལ་འཛམ་གླིང་རང་བཞིན་གྱིས་ཀྱང་ཡིན།   སེམས་ཀྱི་ཉི་ཟླའི་སྤུས་རྟགས་ལེགས་པར་ཕྱིར་བཀྲམ་པ་དེ་ནི་བདེ་ཆེན་མི་དམངས་ཀྱི་གསར་གཏོད་ཅིག་ཡིན་ཞིང་།   བདེ་ཆེན་འདི་ཉིད་མཆོང་སྐྱོད་འཕེལ་རྒྱས་དང་ལྷག་པར་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བྱུང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།   

   བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྤྲོའི་ཉིན་མོ་ལ།   ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་ལགས་ནས།    ལོ་ངོ་དྲུག་ཅུའི་རིང་ལ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་འོག   བཀྲ་ཤིས་ཤིང་གཡང་འཁོར་བའི་བདེ་ཆེན་གྱི་ཡུལ་གྲུ་འདི་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།   ཀྲུང་གོ་གུང་ཁྲན་ཏང་བཟང་བ་དང་། རླབས་ཆེན་གྱི་མེས་རྒྱལ་བཟང་བ།   སྤྱི་ཚོགས་རིང་ལུགས་བཟང་བ།   བཅོས་སྒྱུར་སྒོ་འབྱེད་བཟང་བ།   མི་རིགས་མངའ་ཁོངས་རང་སྐྱོང་ལམ་ལུགས་བཟང་བ་བཅས་ལ་བསྟོད་བསྔགས་གནང་ནས།   བདེ་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་སྐད་ཆར་ཉན་པ་དང་།  ཏང་གི་བཀའ་དྲིན་ཚོར་བ།   ཏང་གི་རྗེས་སུ་འབྲངས་པ།    སྲོག་ཤིང་ལ་སྲུང་སྐྱོང་དང་སེམས་པ་པེ་ཅིན་ལ་ཕྱོགས་པའི་བསམ་པའི་ཉམས་འགྱུར་སྟོན་དགོས་ཞེས་གསུངས་ཡོད།   

མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་ལ་རེ་སྨོན་བྱེད་པ་དེ་ནི་ང་ཚོས་འབད་བརྩོན་བྱེད་པའི་དམིགས་འབེན་ཡིན།   བདེ་ཆེན་འདི་ཉིད་བདེ་སྡོད་ལས་བརྩོན་དང་འགན་ལེན་ནུས་ལྡན།   ཁྱིམ་གཞི་མཛེས་ཤིང་སྡུག་པ།  མི་རིགས་མཐུན་སྒྲིལ་ཡོང་བ།   དཔལ་ཡོན་དང་འཆམ་མཐུན་ལྡན་པའི་བོད་ཁུལ་གསར་བ་ཞིག་ཏུ་འགྱུར་བར་ཧུར་ཐག་གིས་འབད་བརྩོན་བྱ་རྒྱུ་ཡིན།   མཇུག་མཐར། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།