དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དབྱིན་པའེ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


            2014ལོའི་ཟླ་6པར།དབྱིན་པའེ་ཡིས་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་བ་རེད།

          དབྱིན་པའེ་ཡིས་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་བའི་སྐབས།མི་རིགས་མཐུན་སྒྲིལ་ཡར་ཐོན་བཏང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པ།ལས་བྱེད་པའི་རུ་ཁག་གི་བསམ་པའི་ཉམས་འགྱུར་དམ་འཛིན་བྱས་པ་དང་།འཕེལ་རྒྱས།ཁྲིམས་སྐྱོང་།དམངས་འཚོ།བརྟན་བརླིང་།ཏང་གི་འཛུགས་སྐྱོང་བཅས་གཙོར་འཛིན་པའི་ལས་ཀའི་བྱེད་ཐབས་ཤིག་ཆགས་པ་རེད།

          བདེ་ཆེན་ཁུལ་དུ་གྲངས་ཉུང་མི་རིགས་26གནས་ཡོད་དེ།གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་ཁུལ་ཡོངས་མི་གྲངས་ཀྱི་བཅུ་ཆའི་དགུ་ཙམ་ཟིན་པ་རེད།དབྱིན་པའེ་ཡིས་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་སྐབས།ནན་ཏན་གྱིས་མི་རིགས་ཆོས་ལུགས་ཀྱི་བདག་སྐྱོང་མ་ལག་ལ་སྐུལ་འདེད་བཏང་བ་དང་ནན་ཏན་གྱིས་མི་རིགས་ཁག་སོ་སོས་མཐུན་སྒྲིལ་འབད་བརྩོན་བྱེད་པའི་བསམ་བློའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་པ།ནན་ཏན་གྱིས་བྱང་ཚད་མཐོ་པོ་ལྡན་པའི་ཤེས་ལྡན་མི་སྣའི་རུ་ཁག་ཅིག་གསོ་སྐྱོང་བྱས་ནས།དུས་སྐབས་ཀྱི་ཁྱད་ཆོས་དང་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་ཞིག་ཏུ་འགྲོ་སྟེ།ཞིང་ཆེན་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་དཔེ་སྟོན་བྱས་པ་རེད།

          དབྱིན་པའེ་ཡིས་བདེ་ཆེན་དུ་ལས་ཀ་སྒྲུབ་པའི་བར་སྐབས་སུ།འཕེལ་རྒྱས་བྱེད་ཤུགས་ཆེ་རུ་བཏང་བ།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱིས་མྱུར་བགྲོད་གཞུང་ལམ་བདེ་བླག་ངང་ལས་འགོ་བརྩམས་པ་དང་།ཆེད་དམིགས་བྱ་འགུལ་འཆར་གཞི་12གཏོགས་པའི་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་དང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་བྱེད་པའི་བྱ་འགུལ་བསྡུས་ནས།ནུས་ལྡན་གྱིས་བདེ་ཆེན་གྱི་“ཁོར་ཡུག་ཆེན་པོ”ལེགས་སུ་བཏང་བ་དང་མཐོ་རུ་བཏང་བ་རེད།

          ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།ཁྲིམས་འཛུགས་ལས་དོན་དམ་པོར་བཟུང་བ་དང་།ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་ལས་དོན་དངོས་སུ་བཟུང་བ།ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་བསྟར་ལས་ཀ་སྒྲུབ་པར་སྐུལ་འདེད་བྱས་པ་དང་ཆབས་ཅིག་“4+1”གི་ལས་ཀ་བྱེད་ཐབས་བཏོན་ནས་ཏན་ཏིག་གིས་ཁྲིམས་སྐྱོང་ནུས་པ་མཐོ་རུ་བཏང་བ་རེད།

        ནུས་ཤུགས་ཡོད་རྒུས་དམངས་འཚོ་དམ་དུ་བཟུང་བ།མུ་མཐུད་དུ་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལག་བསྟར་ཡག་པོ་བྱས་ནས་དབུལ་སྐྱོར་གྱི་ཕན་འབྲས་ཆེ་རུ་བཏང་བ།དུས་མཚུངས་སུ་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་བྱེད་པར་སློབ་གསོ་བཏང་བ་དང་།ལས་ཞུགས་ཞབས་ཞུའི་ལས་དོན་དང་ལས་རིགས་ལག་རྩལ་གྱི་སློབ་གསོ་ལ་ཤུགས་སྣོན་རྒྱབ་པ།དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།དབུལ་སྐྱོར་དང་ལས་ཞུགས།སློབ་གསོ།འཕྲོད་བསྟེན།སྡོད་ཁང་།སྤྱི་ཚོགས་འགན་སྲུང་།སྤྱི་ཚོགས་ཀྱི་རོགས་སྐྱོབ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དམངས་འཚོ་རྒྱུན་མཐུད་ལེགས་གཏོང་ལ་སྐུལ་འདེད་བཏང་བ།

        ནུས་ཤུགས་ཡོད་དགུ་བཏོན་ནས་བོད་ཁུལ་གྱི་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་དང་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་པ།2015ལོའི་ཁ་བ་དཀར་པོའི་རི་སྐོར་ལོའི་བྱེད་སྒོ་ལེགས་པོ་སྒྲུབ་པར་འགན་སྲུང་བྱེད་ཆེད།རང་འགུལ་ངང་ཀྲུང་དབྱང་དང་།ཞིང་ཆེན་ཏང་ཨུ་ལ་སྙན་སེང་འབྲེལ་མཐུད་དང་སྔོན་ཇུས་འདིང་བ།ལྟ་ཞིབ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས།རི་སྐོར་བྱ་འགུལ་བདེ་བླག་དང་འཆམ་མཐུན་ངང་སྒྲུབ་པར་འགན་ལེན་བྱས་པ་རེད། 

        ནུས་ཤུགས་ཡོད་དགུ་བཏོན་ནས་ཏང་འཛུགས་དམ་དུ་འཛིན་པ།《རྨང་གཉིས་ཀྱི་ལས་གཞིར་སྐུལ་འདེད་བཏང་སྟེ་བོད་ཁུལ་ཏང་འཛུགས་སྐྱོང་ལས་ཀའི་སྐོར་གྱི་བསམ་འཆར་》འདོན་ནས།ཞིབ་མོའི་སྒོས་“ནན་པོ་གསུམ་དང་ཏན་ཏིག་གསུམ་”དང་“ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་”གྱི་ཆེད་དོན་སློབ་གསོ་སྒྲིག་འཛུགས་ཡག་པོ་བྱས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་པ། 

དབྱིན་པའེ་ཡིས་བདེ་ཆེན་གྱི་བློ་མཐུན་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་བདེ་ཆེན་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་དགོས་པ་དང་།སྔ་ཕྱི་བར་གསུམ་དུ་ཡར་བརྩོན་ལྷུར་ལེན་དང་ལེགས་གཏོད་ཧུར་ལེན་གྱི་བསམ་པའི་འཁྱེར་སོ་ཡིས་གྲུབ་འབྲས་ལེགས་ཤོས་བསྐྲུན་པར་བརྩོན་ལེན་དང་།ཨང་དང་པོ་ལེན་པར་བརྩོན་ལེན་བྱེད་ཕོད་པ།སྤུས་ལེགས་ཀྱི་ལས་ཀའི་སྤྱོད་ཚུལ་གྱིས་ལས་ཀའི་གྲུབ་འབྲས་ལེགས་པོ་གཏོད་པར་བརྩོན་ལེན་བྱེད་དགོས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད།སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་འོག་ཏུ།བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད་བདེ་ཆེན་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་དང་།མུ་མཐུད་དུ་དེ་བས་མཚར་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་གྱི་བདེ་ཆེན་ལེའུ་གསར་པ་རྩོམས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་བ་རེད།