འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-06   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།


    ཟླ་9ཚེས་4ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་ཞ་མོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་གནང་བ་རེད།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་འཛོམས་གཙོ་སྐྱོང་གནང་བ་དང་འབྲེལ་འགོ་བརྗོད་དུ《འབོ་གསེར་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་འོད་སྟོང་འཕྲོ་བའི་མ་འོངས་ལམ་བུ་སྔར་བས་གཏོད》ཅེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།


    ཟླ་9ཚེས་4ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་ཞ་མོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་གནང་བ་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་འཛོམས་གཙོ་སྐྱོང་གནང་བ་དང་འབྲེལ་འགོ་བརྗོད་དུ《འབོ་གསེར་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་འོད་སྟོང་འཕྲོ་བའི་མ་འོངས་ལམ་བུ་སྔར་བས་གཏོད》ཅེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་།པར་ཙིར་གྱི་ཙུང་ཐུང་ཐེ་མེར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ཕེབས་པ།

    ཤིན་ཧྭ་གསར་འགྱུར་ཁང་ཞ་མོན་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ།ཚེས་4ཉིན།འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་ཞ་མོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་གནང་བ་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་འཛོམས་གཙོ་སྐྱོང་གནང་བ།ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་།པར་ཙིར་གྱི་ཙུང་ཐུང་ཐེ་མེར།ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་།རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ཚོགས་འདུར་ཕེབས་པ།རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས“འབོ་གསེར་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་འོད་སྟོང་འཕྲོ་བའི་མ་འོངས་ལམ་བུ་སྔར་བས་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་དེང་སྐབས་ཀྱི་རྒྱལ་སྤྱིའི་དུས་བབ་དང་།གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་།འབོ་གསེར་མཉམ་ལས།རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་སོགས་ཀྱི་ཐད་དགོངས་ཚུལ་བརྗེ་རེས་གཏིང་ཟབ་གནང་བ་དང་།འབོ་གསེར་མཉམ་ལས་ཀྱི་ལོ་བཅུའི་ལོ་རྒྱུས་ལམ་བུ་ཕྱིར་དྲན་གནང་བ།སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཁེའི་འབོ་གསེར་གྱི་སྙིང་སྟོབས་བསྐྱར་བསྒྲགས་གནང་བ།ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་བ་མ་ཟད།ད་དུང་འབོ་གསེར་མཉམ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཆེད་འཆར་གཞི་བཀོད་པ་དང་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད་པ་རེད།

    གཞི་རྒྱ་ཆེ་བའི་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་འགོ་བརྗོད་དུ《འབོ་གསེར་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་འོད་སྟོང་འཕྲོ་བའི་མ་འོངས་ལམ་བུ་སྔར་བས་གཏོད》ཅེས་པའི་གསུང་བཤད་གལ་ཆེན་གནང་སྟེ་འབོ་གསེར་མཉམ་ལས་ཀྱི་ལོ་བཅུའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་གདེང་འཇོག་ཆེན་པོ་གནང་བ་དང་།འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”ཨང་གཉིས་པ་འགོ་བཙུགས་ནས་འབོ་གསེར་མཉམ་ལས་ཀྱིས་རྒྱལ་ཁབ་ལྔ་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ལ་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཡང་འདོགས་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་འབོ་གསེར་མཉམ་ལས་འཕེལ་རྒྱས་མྱུར་པོ་དེ་འདྲ་འགྲོ་དོན་ནི་ཕན་ཚུན་བརྩི་འཇོག་དང་རོགས་རེས་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་ཁབ་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ལམ་དུ་བསྐྱོད་པ་དང་།སྒོ་འབྱེད་ཁོང་ཡངས་དང་མཉམ་ལས་གཉིས་ཁེའི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་དཔལ་འབྱོར་དང་།ཆབ་སྲིད།མི་ཆོས་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་བ།རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དར་སྤེལ་བཏང་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཕྱར་བ་གྲུ་འདེགས་བྱས་ཏེ་ཐུན་མོང་ཐོག་ཕྱི་རོལ་གྱི་ཁོར་ཡུག་ཡག་པོ་བཏོད་པས་རེད་ཅེས་གསུངས།

    ཞི་ཅིན་ཕིང་གིས་འཛམ་གླིང་གི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་གནས་ཚུལ་འོག་འབོ་གསེར་མཉམ་ལས་སྔར་བས་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད།ང་ཚོས་ཡང་འབད་བསྐྱར་འབད་ཀྱིས་འབོ་གསེར་གྱི་རོགས་ཟླའི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ་འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”གཉིས་པའི་ལས་འགོ་གསར་དུ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།

གཅིག་ནས་དཔལ་འབྱོར་དངོས་སྒྲུབ་མཉམ་ལས་ལ་མཐའ་གཅིག་ཏུ་གཞོལ་དགོས།ང་ཚོས་ཚོང་དོན་མ་འཇོག་དང་།དངུལ་ལོར་དངུལ་རྩ།ཕན་ཚུན་སྦྲེལ་མཐུད།རྒྱུན་མཐུད་འཕེལ་རྒྱས།གསར་གཏོད་དང་ཐོན་ལས་མཉམ་ལས་སོགས་ཁྱབ་ཁོངས་སུ་ཁེ་ཕན་གཅིག་ཏུ་འདུ་ས་རྒྱ་སྐྱེད་བཏང་ནས་བཟོ་ལས་གསར་བརྗེ་གསར་པ་ལས་བྱུང་བའི་ལོ་རྒྱུས་ཀྱི་གོ་སྐབས་ལ་ཐུན་མོང་ཐོག་དམ་འཛིན་དང་།དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐགའབྲེལ་གཏུག་གི་འབྲེལ་ཐག་དམ་དུ་གཏོང་བ་བཅས་བྱས་ཏེ་འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་བརྟན་ལ་ཡུན་རིང་ལག་ལེན་བསྟར་ཐུབ་པ་བྱེད་དགོས།

    གཉིས་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པར་གཞོལ་དགོས།ང་ཚོས་རང་ཉིད་ཀྱི་ཐོན་ཁུངས་དང་།ཁྲོམ་ར།ངལ་རྩོལ་ནུས་ཤུགས་སོགས་ཀྱི་སྡུར་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཉམ་དུ་གྲོས་མོལ་དང་།མཉམ་དུ་འཛུགས་སྐྲུན།མཉམ་དུ་ལོངས་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས།འཕེལ་རྒྱས་སྲིད་ཇུས་དང་དམིགས་བཀར་ཁྱབ་ཁོངས་ཀྱི་འཇུག་གཞི་འཚོལ་བ་དང་།ཉོ་ཚོང་མ་འཇོག་གི་ཁྲོམ་ར་ཆེན་པོ་དང་།དངུལ་ལོར་དངུལ་རྩའི་འཁོར་རྒྱུག་ཆེན་པོ།རྨང་གཞིའི་སྒྲིག་བཀོད་ཀྱི་སྦྲེལ་མཐུད་ཆེན་པོ་བཅས་ཀྱི་དམིགས་ཚད་ཕྱོགས་སུ་མུ་མཐུད་སྐྱོད་པ།2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་གོ་སྐབས་སུ་བྱེད་པ།དཔལ་འབྱོར་དང་།སྤྱི་ཚོགས།ཁོར་ཡུག་བཅས་ཀྱི་ཕན་ནུས་མཐུན་སྦྱོར་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་མཉམ་འགུལ་ཁོང་ཡངས་ངང་འཕེལ་རྒྱས་འགྲོ་བ་བྱེད་དགོས།

    གསུམ་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་གཞོལ་དགོས།ང་ཚོས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལག་ལེན་བསྟར་རྒྱུ་སྲ་བརྟན་དུ་བཏང་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།སྒོ་འབྱེད་དང་།བསྟུན་མཁས།ཀུན་ཕན།དོ་སྙོམས།གཉིས་ཁེ་བཅས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་དང་།སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན།ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་རྒྱབ་སྐྱོར་།སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱེད་དགོས།གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་ནས་ལྷོ་བྱང་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་དང་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་གསར་པ་མཁོ་འདོན་བྱེད་དགོས།

    བཞི་ནས་མི་ཆོས་དང་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་གཏོང་བར་གཞོལ་དགོས།མི་དམངས་ཀྱི་སེམས་ལ་རོགས་ཟླའི་འབྲེལ་བའི་འདུ་ཤེས་གཏིང་ཟབ་ཟུག་པར་བྱས་ཏེ་འབོ་གསེར་མཉམ་ལས་ཀྱི་གསོན་ཤུགས་ནམ་ཡང་མི་ཉམས་པ་བྱེད་དགོས།འདི་ལོ་རྒྱལ་ཁབ་ལྔའི་མི་ཆོས་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་བྱེད་འགོ་བཙུགས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཡོད།བྱེད་སྒོ་དེ་དག་རྒྱུན་གཏན་དང་ལམ་སྲོལ་དུ་བསྒྱུར་ཏེ་གཞི་རིམ་དང་རྒྱ་ཆེའི་དམངས་ཚོགས་སུ་ཕྱོགས་ནས་མེ་ཏོག་མཉམ་བཞད་ལྟར་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་གཏོད་རྒྱུའི་རེ་བ་ཡོད།

    རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཞ་མོན་གྱི་ཞལ་འཛོམས་ལ་གདེང་འཇོག་ཆེན་པོ་གནང་ཞིང་།ཁོང་རྣམ་པས་ཞལ་འཛོམས་གནང་སྐབས་བྱུང་བའི་གྲུབ་འབྲས་ཁག་དོན་འཁྱོལ་ཡག་པོ་དང་འབོ་གསེར་མཉམ་ལས་མདུན་ཕྱོགས་སུ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཡིད་མཐུན་མགྲིན་གཅིག་ཏུ་གནང་བ་རེད།ཚོགས་ཞུགས་འགོ་ཁྲིད་མི་སྣས་ལྷོ་ཨ་ཧྥེ་རི་ཁས་ཕྱི་ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞལ་འཛོམས་ཐོག《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མོན་གྱི་བསྒྲགས་གཏམ》སྤེལ་བ་རེད།