དེ་སྔའི་བདེ་ཆེན་གྱི་ཁུལ་དཔོན་ཁྲེན་ཅན་གོ་ལགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


           2007ལོའི་ཟླ་5པར།ཡུན་ནན་ཞིང་ཨུས་ཁྲེན་ཅན་གོ་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིར་བསྐོ་བཞག་གནང་བ།ཟླ་6པའི་ཚེས་3ཉིན་ཁུལ་མི་དམངས་འཐུས་མིའི་རྒྱུན་ལས་ཨུ་ལྷན་གྱིས་ལས་ཚབ་ཁུལ་དཔོན་ལ་བསྐོ་བཞག་གནང་བ།ཟླ་11པའི་ཚེས་14ཉིན་སྐབས་བཅུ་གཅིག་པའི་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལ་བདམས་ཐོན་བྱུང་བ།2010ལོའི་ཟླ་1པོར་ཞིང་ཆེན་ནོར་སྲིད་ཐིང་དུ་ལས་གནས་སྤར་བ་རེད།

           ཁྲེན་ཅན་གོ་ཡིས་ལས་འགན་འཁུར་སྐབས།འགྲིམ་འགྲུལ་དང་གྲོང་རྡལ།ཐོན་ལས།དམངས་འཚོ།སྐྱེ་ཁམས་ཀྱི་ཐད་ལས་འགོ་བརྩམས་པ་དང་།དཔལ་འབྱོར་སྤྱི་ཚོགས་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།2010ལོར།རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་10ནང་བདེ་ཆེན་གྱི་GDPཨང་གཉིས་པར་ཟིན་པ།མིའི་ཆ་སྙོམས་ཀྱི་GDPཡང་ཨང་གཉིས་པར་ཟིན་པ།རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཆེས་མགྱོགས་པ་དང་འཕེལ་རྒྱས་ཆེས་ལེགས་པའི་བོད་ཁུལ་ཡ་གྱལ་གཅིག་ཏུ་གྱུར་བ་རེད།

           2010ལོར།བདེ་ཆེན་གྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གཏོང་ཚད་སྤྱི་གྲངས་སྒོར་དུང་ཕྱུར་133.96ཟིན་པ་དང་།ལོ་ལྔར་སྒོར་དུང་ཕྱུར་390.99ཟིན་པ།2005ལོ་ནས་2010ལོའི་བར་ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱི་གྲངས་ལོ་རེར་ཆ་སྙོམས་ཀྱི་19.91%ཟིན་པ།2010ལོར་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྤྱོད་ཆོག་པའི་ཡོང་འབབ་སྒོར་15996ཟིན་པ་དང་།དེའི་སྐབས་སུ།ཐོན་ལས་ཀྱི་སྒྲིག་གཞི་ཉིན་བཞིན་ལེགས་སུ་བཏང་བ་དང་སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ།རྒྱུན་མཐུད་ཀྱིས་འཕེལ་རྒྱས་ནུས་ཤུགས་མངོན་གསལ་གྱི་མཐོ་རུ་འཕར་བ་རེད།

           གཞུང་ལམ་འཛུགས་སྐྲུན་གྱི་ཐད་ཁྲེན་ཅན་གོ་ཡིས་ལྕགས་ལམ་གཅིག་དང་གནམ་གྲུ་ཐང་གཉིས།གཞུང་ལམ་གཙོ་བོ་གསུམ།ཕྱི་ཕྱོགས་ལ་མཐུད་པའི་གཞུང་ལམ་བཞི།སྤྱི་ལེ་5000རིང་གི་གྲོང་སྡེ་རིམ་པའི་གཞུང་ལམ་བཟོ་རྒྱུའི་བསམ་གཞི་བཏོན་པའི་རྗེས་སུ།ཕྱོགས་གཅིག་ནས་གོང་རིམ་ལ་བརྩོན་ལེན་བྱས་པ་དང་ཕྱོགས་གཞན་ཞིག་ནས་ཕྱི་ཕྱོགས་ལ་ཚོང་དང་མ་རྩ་འདྲེན་འགུགས་བྱས་པ་དང་ནན་ཏན་གྱིས་དངུལ་འཇོག་མ་རྩ་མཉམ་འདྲེས་བྱེད་པའི་ཐབས་ལམ་རྒྱ་ཆེར་སྐྱེད་པ།མཇུག་མཐར།སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་དང་། འཇོལ་རྫོང་ནས་འབའ་ལུང་། འབའ་ལུང་ནས་མཐའ་ཆུའི་བར་ཏེ་སྤྱིའི་རིང་ཚད་ལ་སྤྱི་ལེ་428གྱི་ཡོད་པའི་རིམ་པ་གཉིས་པའི་གཞུང་ལམ་གྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་100ཡི་མ་དངུལ་ཡོང་རྫོགས་འབྱོར་བ་མ་ཟད། དུས་ཐོག་ཏུ་ལས་འགོ་ཚུགས་པ་དང་། དུས་ཐོག་ཏུ་བསྐྲུན་ཚར་པ་རེད།

          དུས་མཚུངས་སུ།བདེ་ཆེན་ཀྱིས་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་འཇོལ་རྫོང་ནས་ཚྭ་ཁ་རོང་དང་།གཡག་རྭ་སོགས་ཀྱི་རབ་དང་རིམ་པའི་གཞུང་ལམ་འཛུགས་སྐྲུན་གྱི་འགོ་བརྩམས་ནས།ཁུལ་ཡོངས་ཀྱི་རང་བྱུང་གྲོང་ཚོ་རུབ་བསྡུས་ཀྱི་དུད་ཚང་20ཡན་གྱི་རང་བྱུང་གྲོང་ཚོའི་གཞུང་ལམ་སྤྱི་ལེ་1850འཛུགས་སྐྲུན་བྱེད་རྒྱུ་སྐུལ་འདེད་བཏང་པ་མ་ཟད།སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་རྒྱས་སྐྲུན་བྱེད་རྒྱུ་ལག་བསྟར་བྱས་ནས།བདེ་ཆེན་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཆེ་ཆེར་བཏང་བ་དང་།བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ཡོད།བདེ་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་སྐུལ་འདེད་ཐད་ཁྲེན་ཅན་གོ་ཡིས་ འཆར་གཞི་སྔོན་ལ་འགོད་པ་དང་།རྨང་གཞི་ཡག་པོ་འདིང་བ། ཁྱད་ཆོས་འབུར་ཏུ་ཐོན་པ།སྲིད་གཞུང་གིས་ཁྲིད་སྟོན་དང་། ཚོང་རའི་འཁོར་རྒྱུག་བྱེད་པ། ཁོར་ཡུག་མཛེས་བཟོ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པ་”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་འདོན་ནས།དཔལ་འབྱོར་རིན་ཐང་དང་སྤྱི་ཚོགས་རིན་ཐང་།རིག་གནས་རིན་ཐང་།སྐྱེ་ཁམས་རིན་ཐང་བཅས་རིན་ཐང་བཞི་ལྡན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་མ་ཟད།སེམས་ཀྱི་ཉི་ཟླ་ནས་ཤུགས་ཡོངས་ཀྱིས་ཆུ་བོ་གསུམ་གྱི་ལེགས་བཅོས་དང་རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་དང་པོ།མཚོ་སྐོར་གཞུང་ལམ་འཛུགས་སྐྲུན་སོགས་ས་མཐོའི་སྣོད་བཅུད་ཡུལ་སྐོར་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་བ་མ་ཟད།འཇོལ་རྫོང་བཅོས་སྒྲིག་རྒྱ་བསྐྱེད་དང་འབའ་ལུང་གྲོང་ཁྱེར་གྱི་དུས་ཐེངས་གཉིས་པའི་འཛུགས་སྐྲུན།དུས་མཚུངས་སུ་ཁྱད་ལྡན་གྲོང་རྡལ་ཆུང་བ་ཁག་གཅིག་སྐྲུན་འགོ་བརྩམས་པར་སྐུལ་འདེད་བྱས་པ་རེད།ཕྱོགས་མཚུངས་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བ་ཁག་ཅིག་དང་།གཙོ་གནད་ཚོང་འདུས་གྲོང་རྡལ་དང་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་ལས་དོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས།ཁུལ་ཡོངས་གྲོང་ཁྱེར་དང་གྲོང་རྡལ་ཅན་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སྤོས་པ་རེད།

         དུས་མཚུངས་སུ།ནན་ཏན་གྱིས་དེང་རབས་ཅན་གྱི་ཐོན་སྐྱེད་དང་བྱེད་ནུས་ཁུལ་གཙོ་བོའི་འཛུགས་སྐྲུན་གྱི་བླང་བྱ་ལྟར།མི་འབོར་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་གཙོ་བོ་དེ་བར་སྟོང་ཐོག་གི་འདུ་གནས་ལ་འཚོལ་ཞིབ་བྱས་པ་རེད།ལོ་ལྔ་ཚན་བཅུ་གཅིག་པའི་དུས་མཇུག་ཏུ་སླེབས་སྐབས།ཁུལ་ཡོངས་ཀྱི་གྲོང་རྡལ་ཆུང་བའི་སྤྱིའི་བསྡོམས་འབོར་ནི་29ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་ཚད་དེ་ལོ་ལྔ་ཚན་བཅུ་བའི་དུས་མཇུག་གི་17.2%ནས་2009ལོའི་ལོ་མཇུག་ཏུ་22.4%རུ་འཕར་བས།2005ལོ་ནས་བརྒྱ་ཆའི་5.2འཕར་ཡོད་པ་རེད།

        ཐོན་ལས་འཕེལ་རྒྱས་ཀྱི་ཐད་དུ།ཁྲེན་ཅན་གོ་ཡིས་ཡུལ་སྐོར་ཐོན་ལས་དེ་རྐང་འཛིན་ཐོན་ལས་སུ་བཟུང་ནས།ཤུགས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་དང་།ཡུལ་སྐོར་རྨང་གཞི་སྒྲིག་གཞིའི་འཛུགས་སྐྲུན་ལ་ཤུགས་སྣན་ནས།གོམ་གང་མདུན་སྤོས་ཀྱིས་ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་།བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་དེ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་།2008ལོར།ཁ་བ་དཀར་པོ་དང་སྟག་མཆོང་གྲོག་རོང་གཉིས་ལ་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་ཡུལ་སྐོར་གནས་མཆོག་རི་བོ་གྲགས་ཅན་བཅུའི་ཨང་རིམ་ནང་ཚུད་པ་མ་ཟད།ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གྲོག་རོང་ཆེན་པོ་བཅུ་ཡི་མཚན་སྙན་ཐོབ་པས།སེམས་ཀྱི་ཉི་ཟླའི་ཀྱི་མཚན་སྙན་གྲགས་མཐོ་རུ་ཕྱིན་པ་རེད།

        སྐྱེ་དངོས་ཐོན་སྐྱེད་ཐད་དུ།2010ལོའི་ལོ་མཇུག་བར་དང་།ཁུལ་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་མུའུ་ཁྲི་76དང་།ཕྱུགས་རིགས་ཁྲི94ཡོད་པ།ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་རྐང་འཛིན་ཁེ་ལས་དུད་ཚང་7དང་།ཁུལ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་རྐང་འཛིན་ཁེ་ལས་དུད་ཚང་17 ས་རིགས་མཐུན་ཚོགས་གྲོང་གསེབ་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དུད་ཚང་19དང་།ལས་ཞུགས་མི་ཐེངས་ཁྲི་7མངོན་འགྱུར་བྱུང་བ།ཞིང་དུད་སྣེ་ཁྲིད་དུད་ཚང་ཁྲི་5དང་ཞིང་པའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་400རུ་འཕར་བ་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་22.7 དང་། ལས་སྣོན་རིན་ཐང་སྒོར་དུང་ཕྱུར་10.2 ཟིན་པ།      

        ཆུ་གློག་ཐོན་ལས་ཐད་དུ།གཙོ་བོ་བདེ་ཆེན་ཁོངས་ཀྱི་གཙང་པོ་གཉིས་དང་ཆུ་བོ་བཅུ་ཡི་གསར་འབྱེད་དང་གྲོང་རྡལ་དང་ཤང་གི་གློག་དྲའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། གློག་ཤུགས་ཐོན་ལས་ཀྱི་གཞི་ཁྱོན་དང་ཕན་འབྲས་ལེགས་སུ་གཏོང་བར་ཤུགས་བསྣན་པ་རེད།

        གཏེར་ཁའི་ཐོན་ལས་ཐད་དུ།  སྐྱེ་ཁམས་སྔོན་ལ་གོང་འཕེལ་གཏོང་བ་དང་ལུགས་མཐུན་གསར་སྤེལ་”གྱི་བསམ་ཕྱོགས་གཞིར་བཟུང་གཏེར་ཁ་ཐོན་ཁུངས་གསར་སྤེལ་དོ་དམ་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། 2009 ལོར་ཁུལ་ཡོངས་ཀྱི་གཏེར་ཁའི་ཐོན་ལས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་11ལ་ཟིན་པ་རེད།

        དམངས་འཚོའི་ཐད་དུ།ཁྲེན་ཅན་གོ་ཡིས་དམངས་འཚོ་ལེགས་བཅོས་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་མང་ཚོགས་ལ་བྱ་བ་བཟང་པོ་མང་ཙམ་སྒྲུབ་སྟེ།སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱས་པ་རེད།

        སློབ་གསོ་དང་རིག་གནས་ཐད་དུ།སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་དང་།དགེ་རྒན་དཔུང་ཁག་འཛུགས་སྐྱོང་གཙོ་རུ་འཛིན་པ།རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ། སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་དང་། སློབ་མའི་ཁ་གསབ་རོགས་སྐྱོར་ལག་བསྟར།འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཐད་ཀྱི་སློབ་གསོའི་ལས་ཀ་ནན་གྱིས་སྒྲུབ་ཡོད།

        སྤྱི་ཚོགས་འགན་སྲུང་གི་ཐད་དུ།གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་སྐུལ་འདེད་ཧུར་ཐག་བྱས་ནས་ནང་ཞུགས་ཚད་མཐོ་རུ་བཏང་ཡོད།རིམ་པ་ཁག་དང་ས་ཁུལ་ཁག་གི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་ཇེ་མགྱོགས་སུ་བཏང་བ་དང་།གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ།བོད་སྨན་ཁང་གསར་དུ་བཙུགས་པ་དང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས།སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་པ་དང་།རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚང་མས་གཞི་རྩའི་རྒན་གསོ་འགན་བཅོལ་དང་ལས་ཤོར།ལས་རྨས་དང་ཕྲུ་གུ་བཙའ་བའི་འགན་སྲུང་སྨན་བཅོས་ཀྱི་སྲིད་ཇུས་ལོངས་སྤྱོད་ཐུབ་པར་བྱས་ཡོད།

        སྐྱེ་ཁམས་སྲུང་སྐྱོང་ཐད་ཁྲེན་ཅན་གོ་ཡིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་བླང་བྱ་ལྟར་སྐྱེ་ཁམས་ནི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་སྲོག་རྩ་ཡིན་པས།ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།དུས་མཚུངས་སུ་རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་དང་།ཞིང་དོར་ནགས་སྤེལ་སོགས་ཀྱི་སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པ་སྐུལ་འདེད་བྱས།ལོ་ལྔ་ཚན་བཅུ་གཅིག་པའི་རིང་།བདེ་ཆེན་ཁུལ་གྱི་ནགས་ཚལ་ཁེབས་ཚད་73.95%ཟིན་པ་དང་།ལྗང་འགྱུར་ཚད་78.91%ཟིན་ཡོད་པ་རེད།

        ཁྲེན་ཅན་གོ་ཡིས་ཁུལ་དཔོན་གྱི་འགན་བཞེས་སྐབས་རིང་།ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་ཁུལ་ཨུའི་བླང་བྱ་གཞིར་བཟུང་“འཆམ་མཐུན་ཁུལ་བདེ་”ཡི་དམིགས་ཡུལ་བརྩི་སྲུང་བྱས་ནས།འཕེལ་རྒྱས་མགྱོགས་སུ་གཏོང་བ་བརྒྱུད་ནས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་བྱས་པ་རེད།དུས་མཚུངས་སུ།ང་ཚོས་ཧུར་ཐག་གིས་དབུལ་པོའི་མང་ཚོགས་ཀྱི་འཚོ་བའི་རྣམ་པ་དང་ཁོར་ཡུག་བསྒྱུར་བཀོད་ལ་མཐོང་ཆེན་བྱས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་དང་།ཆུ་བེད་དང་།འགྲིམ་འགྲུལ།གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།དོན་དངོས་ཀྱིས་དབུལ་པོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་པ་དང་།ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་གསོ་སྦྱོང་བྱེད་པ་གཙོ་རུ་བཟུང་ནས་དབུལ་ཕོངས་མི་འབོར་གྱི་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་།འཆམ་མཐུན་གྱི་བོད་རིགས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་རེད།