དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཁུལ་དང་ཁུལ་དཔོན་ཆེ་དགྲ་ལྷ་ལགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

             2001ལོ་ནས་2010ལོའི་བར་གྱི་ལོ་བཅུ་ཡི་རིང་དུ།ཆེ་དགྲ་ལྷ་ཁུལ་དཔོན་ནས་ཡུན་ནན་ཞིང་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་བ།ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཡི་འགན་བཞེས་ཡོད།

             ཆེ་དགྲ་ལྷས་དུས་རབས་སྔ་མའི་ལོ་རབས་60པ་ནས་བཟུང་།ཁུལ་རྫོང་གི་80%ཡི་ནོར་སྲིད་ཡོང་འབབ་ནི་ཤིང་ཆའི་གཅོད་སྐྱེལ་ནས་ཡོང་བ་དང་།མང་ཚོགས་མང་ཙམ་གྱི་ཡོང་འབབ་ཀྱང་ཤིང་ཆའི་གཅོད་སྐྱེལ་ནས་ཡོང་བ་རེད།འོན་ཀྱང་ཤིང་ཆའི་གཅོད་ཚད་ཉིན་བཞིན་མཐོ་རུ་སྤར་བས་རི་ཉིལ་སོགས་རང་བྱུང་གནོད་སྐྱོན་ཐེངས་མང་བྱུང་བ་རེད།

 


2000ལོའི་ཟླ8པར།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཝང་ཀྲའོ་གོ་བདེ་ཆེན་དུ་གཟིགས་ཞིབ་གནང་སྐབས་ཕེབས་རོགས་བྱས་པ་འབྲེལ་རྗེས་རྟེན་སྐུ་པར་བསྐྱོན་པ།།

              བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནད་དོན་དེ་ཐག་གཅོད་བྱེད་ཆེད།སྐྱེ་ཁམས་སྲུང་སྐྱོང་གི་ཐད་ལ།སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་གི་འཛུགས་སྐྲུན་ལ་དོ་ཁུར་བྱས་ནས།ནན་ཏན་གྱིས་རང་བྱུང་ནགས་ཚལ་དུ་ཤིང་གཅོད་བཀག་འགོག་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐྱེ་ཁམས་རྨང་གཞི་ལེགས་པོ་ཞིག་བཏིང་བ་རེད། ཐོན་ལས་གསོ་སྐྱོང་གི་ཐད་བདེ་ཆེན་གྱིས་ཡུལ་སྐོར་དང་ཆུ་གློག  སྐྱེ་དངོས།   གཏེར་ལས་བཅས་ཐོན་ལས་བཞི་གསོ་སྐྱོང་བྱས་པ། མི་རིགས་མཐུན་སྒྲིལ་གྱི་གནད་དོན་ཐག་གཅོད་བྱས་པ་རེད།

 


2002ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་དཔོན་རིགས་སང་སའེ་ཨེར་སོགས་ཀྱིས་བདེ་ཆེན་གྱི་“གཙང་གསུམ་མཉམ་རྒྱུགས་”ཀྱི་སྣོད་བཅུད་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་བསུ་ལེན་བྱས་པ།

              1998ལོར།བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་ཤིང་གཅོད་བཀག་འགོག་བྱས་པས།དཔལ་འབྱོར་གྱི་ཡོང་འབབ་ལ་གནོད་སྐྱོན་བྱུང་སྟེ།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཐོག་ཏུ་འཕེལ་རྒྱས་བསམ་བློ་དང་དམིགས་འབེན་ལས་འགན་ལེགས་སྒྲིག་བྱས་ནས།སྟོབས་ཤུགས་གང་ཡོད་ཀྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་དང་སྐྱེ་ཁམས་བདག་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།

 


 2003ལོའི་ཟླ6པའི་ཚེས8ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲང་པའེ་རུའུ་དང་མཉམ་དུ་ཞིང་ཆེན་གྱི་འགོ་འཛིན་ཞུས་རུང་ཁའེ་ཡིས་སེམས་ཀྱི་ཉི་ཟླའི་སན་པཱ་ཤང་ཡུང་ཁོ་གྲོང་ཚོར་བརྟག་ཞིབ་གནང་བར་ཕེབས་རོགས་ཞུས་པ།

              1996ལོར།ཞིང་ཆེན་སྲིད་གཞུང་གི་ཞིབ་འཇུག་ལྟེ་གནས་ཀྱིས་སྣེ་ཁྲིད་བྱས་ཏེ།ཡུན་ནན་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གསར་སྤེལ་ལས་གྲྭའི་ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་ཐོག་མར་བཙུགས་པ་དང་།རིགས་གཅིག་མཁས་པ་བཅུ་ཕྲག་འགར་གདན་ཞུས་ནས་གཞི་རྒྱ་ཆེན་མོའི་རྟོག་ཞིབ་དང་རིགས་པས་སྒྲུབ་པ་རེད།

 


 2004ལོའི་ཟླ7པའི་ཚེས9ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲང་པའེ་རུའུ་དང་མཉམ་དུ་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་།རྒྱལ་དོན་ཨུ་ཡོན།ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀན་བདེ་ཆེན་དུ་གཟིགས་ཞིབ་ཕེབས་པར་བསུ་ལེན་བྱས་པ།

              བར་སྐབས་སུ། ང་ཚོས་མི་ཡུལ་ལས་ཡལ་བའི་ས་གཞིའི་མུ་མཐའ་ཞེས་པའི་སྒྲུང་བརྩམས་བསྒྱུར་བ་དང་། བརྙན་འཕྲིན་སེམས་ཀྱི་ཉི་ཟླ་འཚོལ་བ་ཞེས་པ་ཕབ་སྐྲུན་བྱས་ཤིང་། ཀྲུང་གོའི་སེམས་ཀྱི་ཉི་ཟླའི་དཔེ་ཚོགས་པར་སྐྲུན་བྱས་པ་རེད།དེའི་རྗེས་སུ།ཐབས་བརྒྱ་ཇུས་སྟོང་གིས་བརྩོན་ལེན་བྱས་པ་དང་རིགས་པས་སྒྲུབ་པར་རྒྱུད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱབ་སྐྱོར་འོག     2001ལོའི་ཟླ་12པའི་ཚེས་17ཉིན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཐང་རྫོང་དེ་སེམས་ཀྱི་ཉི་ཟླ་རྫོང་དུ་མིང་སྒྱུར་བའི་ཆོག་མཆན་བཀོད་པ་དང་འབྲེལ།2002ལོའི་ཟླ་5པའི་ཚེས་5ཉིན་རྫོང་པ་ནགས་ལྕོག་རི་བོའི་རྟ་རྒྱུག་ཐང་དུ་མིང་སྒྱུར་བའི་མཛད་སྒོ་གཟབ་རྒྱས་བསྡུས་པ་རེད།སྤུས་རྟགས་དེའི་སྐུལ་ཁྲིད་ཕན་ནུས་ལ་བརྟེན་ནས།བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་དེ་མྱུར་ཞིང་བདེ་ཐང་གི་འཕེལ་རྒྱས་ལམ་བུར་ཞུགས་པ་རེད།

 


2004ལོའི་ཟླ9པར།PECCསྐབས་གཉིས་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་གླེང་སྟེགས་དེ་སེམས་ཀྱི་ཉི་ཟླ་ནས་གཉེར་སྐབས།དེ་སྐབས་ཁུལ་དཔོན་གཞོན་པའི་འགན་བཞེས་པའི་ཧྲི་ཙུང་ཁའེ་དང་མཉམ་དུ་འཛམ་གླིང་ཡུལ་སྐོར་རྩ་འཛུགས་དཔོན་རིགས་དང་མཇལ་འཕྲད་གནང་བ།


                                                                           པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་བརྟག་ཞིབ་བྱེད་སྐབས་སྡེ་ཁུལ་གྱི་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་བ།


2005ལོའི་ཟླ5པར་སེམས་ཀྱི་ཉི་ཟླ་རྫོང་མྱི་ཟུར་གྲོང་ཚོར་སྐྱེ་ཁམས་རིག་གནས་ཐད་ལ་བརྟག་དཔྱད་གནང་བར་ཕེབས།

              ཆེ་དྲག་ལྷས་འགན་འཁུར་སྐབས།སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་བརྟན་ལྷིང་ཡོང་རྒྱུ་ཁག་ཐེག་བྱས་ཤིང་།རབ་དང་རིམ་པའི་ནུས་པ་ཐོན་པའི་ལས་ཀ་སྤེལ་བར་བརྒྱུད་ནས།བདེ་ཆེན་ཁུལ་གྱིས་ཁ་ཕྲལ་ལ་ངོ་རྒོལ་གཏོང་བའི་འཐབ་རྩོད་ཀྱི་ཚོད་བགམ་ཐེག་ཐུབ་པས།རྒྱལ་ཡོངས་བོད་ཁུལ་ལས་ཆེས་བརྟན་ལྷིང་ལྡན་པའི་བོད་ཁུལ་ཞིག་ཏུ་གྱུར་བ་རེད།

 


  2005ལོའི་ཟླ9པའི་ཚེས18ཉིན།ཝེ་ཆི་མིག་མངས་གྲགས་ཅན་མི་སྣ་ཅང་ཁྲུའུ་ཅུའུ་སོགས་དང་མཉམ་དུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཡིད་དབང་འཕྲོག་པའི་གྲོང་རྡལ་གྱི་དཔྱད་བསྡུར་བྱེད་སྒོར་ཞུགས་པ་དང་།སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་ལ་ཀྲུང་གོའི་མི་རིགས་ཀྱི་ཡུལ་སྲོལ་ལེགས་ཤོས་ཀྱི་གྲོང་རྡལ་བཅུའི་མཚན་སྙན་ཐོབ་པ།

               སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་ཕན་ནུས་རིམ་བཞིན་ཇེ་ཆེར་བཏང་བ།པོ་ཏ་མཚོ་དང་ཁ་བ་དཀར་པོ།ཏན་སྤྲེའུ་སྤུ་སེར་སོགས་རྒྱལ་ཁབ་རིམ་པའི་སྤྱི་གླིང་ལྔ་ནི་སྔ་རྗེས་སུ་བཙུགས་པ་དང་།དཔལ་འབྱོར་མུ་མཐུད་ལོ་ངོ་11ཙམ་འཕེལ་རྒྱས་མྱུར་པོ་བྱུང་བ་རེད།

 


2005ལོའི་ཟླ་10པར་པེ་ཅིང་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་ལ་བདེ་ཆེན་གྱི་ལས་དོན་སྙན་སེང་ཞུས་པ་དང་འབྲེལ་རྗེས་དྲན་མཉམ་པར་རྒྱག་པ།

              སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ།བོད་ཁུལ་མཐོ་སྒང་གི་ཞིང་འབྲོག་པའི་སློབ་མའི་རོགས་སྐྱོབ་ལས་གྲྭ་སྤེལ་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་ཆ་སྙོམས་ངང་འཕེལ་རྒྱས་བཏང་བ་དང་།འབྲིང་རིམ་སློབ་གསོ་དང་ལས་རིགས་སློབ་གསོ།སྐད་གཉིས་སློབ་གསོ།སློབ་ན་མ་སོན་གོང་གི་སློབ་གསོ་སོགས་དེང་རབས་སློབ་གསོའི་མ་ལག་ཞིག་ཏུ་གྲུབ་སྟེ།བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་རྨང་གཞི་ལེགས་པོ་ཞིག་བཏིང་ཡོད།

              ལས་བྱེད་པའི་དཔུང་སྡེ་ཡག་པོ་ཞིག་སྦྱོང་བརྡར་གསོ་སྐྱོང་བྱས་ཡོད་པ་དང་།“ལྟེ་བ་གསུམ་” དང་“ཚད་གཞི་དྲུག”གི་མི་འདེམས་མི་སྤྱོད་ཀྱི་ཚད་གཞི་གཏན་འབེབས་བྱས་ཤིང་།ལག་ལེན་དངོས་ཀྱི་ཐོག་ཏུ་གྲུབ་ཆ་ལུགས་མཐུན་ཡིན་པ་དང་།ཆབ་སྲིད་བརྟན་པོ་དང་ལས་སྒོ་བྱང་ཆ་ཡོད་པའི་ལས་བྱེད་པའི་དཔུང་སྡེ་ཞིག་གསོ་སྐྱོང་བྱས་པས།བདེ་ཆེན་གྱི་འཕེལ་རྒྱས་ལ་གལ་ཆེའི་བྱས་རྗེས་འཇོག་པ་རེད།

 


2006ལོའི་ཟླ་9པའི་ཚེས1ཉིན།ཁུལ་ཨུའི་ཧྲུའུ་ཅི་མའོ་ཝུན་ཀུའོ་དང་ལྷན་དུ་དེ་སྔའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝེ་ཅན་ཞིན་གྱིས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ལ་གཟིགས་ཞིབ་གནང་བར་ཕེབས་རོགས་ཞུས་པ།

              ཆེ་དགྲ་ལྷས།བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ་60འཁོར་བའི་མཚམས་སུ།སྙིང་ཐག་པ་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མ་འོངས་པ་ནི་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུ་དང་།བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་དེ་བས་བདེ་ཞིང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།