དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་མའོ་ཝུན་ཀུའོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      2006ལོའི་ཟླ་7པའི་ཚེས་25ཉིན་ནས་ཚེས་28ཉིན་བར།ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་མའོ་ཝུན་ཀུའོ་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་ཞིང་།2007ལོའི་ཟླ་2པར།མའོ་ཝུན་ཀུའོ་ལས་གནས་ཞིང་ཆེན་དུ་འཕོ་བ་རེད།

2005ལོའི་ཟླ་10པའི་ཚེས་31ཉིན་ནས་ཟླ་11པའི་ཚེས་1ཉིན་བར།ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་བདེ་ཆེན་ཁུལ་མི་རིགས་ཆོས་ལུགས་ལས་ཀའི་གྲོས་ཚོགས་དང་ཐེངས་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་གནང་བའི་ཚོགས་ཆེན་འཚོགས་པ།མའོ་ཝུན་ཀུའོ་ཡིས་ཚོགས་ཆེན་ཐོག་སྔར་ལས་ལྷག་པར་མི་རིགས་ལས་ཀ་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་དང་ནན་ཏན་གྱིས་ཏང་གིས་མི་རིགས་ལས་ཀ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།ཕྱོགས་ཡོངས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བསྟན་པ་རེད།

      2006ལོའི་ཟླ་7པའི་ཚེས་25ཉིན་ནས་ཚེས་28ཉིན་བར།ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླའི་རྫོང་མཁར་དུ་འཚོགས་པ།གྲོས་ཚོགས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་རིག་གནས་ལ་བརྟེན་ནས་ཁུལ་དར་བ།ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བའི་འགྲོ་ལམ་དུ་སྤྱོད་ནས།རྒྱུན་མཐུད་ཀྱིས་རང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྲིད་ཇུས་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན་གྱི་གནས་ཚུལ་གསར་པ་གསར་གཏོད་བྱེད་པའི་བླང་བྱ་བཏོན་པ་རེད།

      མའོ་ཝུན་ཀུའོ་ཡིས་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་སྐབས།བདེ་ཆེན་ཁུལ་གྱིས་ཏང་གི་འཛུགས་སྐྱོང་ལ་བྱེད་ཤུགས་ཆེ་རུ་བཏང་བ་དང་།གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པའི་སློབ་གསོ་བྱེད་སྒོ་བསྡུས་པ།སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་དང་བསྟུན་ནས།རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་པ།

      2005ལོའི་ཟླ་5པའི་ཚེས་20ཉིན་ནས་ཚེས་25ཉིན་བར།སྐུ་ཕྲེང་བཅུ་གཅིག་པའི་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོ་བདེ་ཆེན་དུ་རྟོག་ཞིབ་གནང་སྐབས།མའོ་ཝུན་ཀུའོ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་བདེ་སྲུང་ལས་འགན་ལེགས་གྲུབ་བྱུང་བ་རེད།

      མའོ་ཝུན་ཀུའོ་ཡིས་ཏང་དང་སྲིད་གཞུང་གིས་འགོ་ཁྲིད་འོག བདེ་ཆེན་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་འབད་བརྩོན་བྱས་ནས།འཕེལ་རྒྱས་མགྱོགས་པོ་དང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་དོ་དམ།མི་རིགས་རིག་གནས་ཀྱི་སྲུང་སྐྱོང་།དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས།སྤྱི་ཚོགས་ཡར་ཐོན་གྱི་ཐད་ཡར་ཐོན་བྱུང་བ་དང་།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་སྐབས་འདིར།ངས་དཔལ་འབྱོར་འཕེལ་རྒྱས་དང་འཚོ་བ་སྐྱིད་པོ།སྤྱི་ཚོགས་ཡར་ཐོན།མི་རིགས་མཐུན་སྒྲིལ།རིག་གནས་དར་སྤེལ།སྐྱེ་ཁམས་མཛེས་པོ་བཅས་བྱུང་བའི་བཀྲ་ཤིས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།