བོད་རྒྱ་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་སྦྱོང་བརྡར་ལྟེ་གནས་དང་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-09-01   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        སྤྱི་ཟླ8པའི་ཚེས30ཉིན་གྱི་སྔ་དྲོ།  ནུབ་བྱང་མི་རིགས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པ་དང་།  སྦྱོང་བརྡར་ལྟེ་གནས་དང་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་པ་རེད། 

        མཛད་སྒོའི་ཐོག  ནུབ་བྱང་མི་རིགས་སློབ་ཆེན་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཕྱོགས་གཉིས་པོའི་ཚབ་ཞུས་ནས།  ནུབ་བྱང་མི་རིགས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་སྤྱི་ལོ2017ལོ་ནས2020ལོ་བར་གྱི་བོད་ཀྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་ཤེས་ལྡན་པ་གསོ་སྐྱོང་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་མ་ཟད།  རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་སྐད་ཡིག་གཉིས་ཀྱི་ཤེས་ལྡན་པའི་སྦྱོང་བརྡར་རྟེན་གཞི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ལྗོངས་སྦྱོང་བརྡར་ལྟེ་གནས་དང་།  ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ་བ་རེད། །