བདེ་ཆེན་ཁུལ་ནས་2017ལོའི་ཨེ་ཤ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱི་ནེ་པ་ལའི་འགྲེམས་ཚོགས་ཐོག་ཞུགས་རྒྱུ་རེད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ8པའི་ཚེས25ཉིན།ཨེ་ཤ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱི་ནེ་པ་ལའི་འགྲེམས་ཚོགས་ཀྱི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་གི་བཞུགས་མོལ་གྲོས་ཚོགས་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། བདེ་ཆེན་ཁུལ་གྱིས་ཟླ11པའི་ཚེས1ཉིན་ནས་ཚེས4ཉིན་བར་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ནས་བསྡུས་པའི་2017ལོའི་ཨེ་ཤ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱི་ནེ་པ་ལའི་འགྲེམས་ཚོགས་ཐོག་ཞུགས་རྒྱུ་རེད། འདི་ནི་རང་ཁུལ་གྱིས་འགྲེམས་སྟོན་གྱི་རྣམ་པ་བརྒྱུད་ནས་ཐོག་དང་པོར་འཛམ་གླིང་གི་སྐྱེ་བོ་ཀུན་ལ་བདེ་ཆེན་གྱི་ངོ་མཚར་འགྲེམ་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཐོགརང་ཁུལ་གྱིས་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ས་ཁོངས་མཉམ་ལས་འོས་སྦྱོར་བྱས་པ་མ་ཟད། དུས་མཚུངས་སུ་རྒྱལ་ཁོངས་ལས་བརྒལ་བའི་རིག་གནས་སྤེལ་རེས་དང་མ་རྩ་འདྲེན་འགུག དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་སོགས་སྤེལ་ནས། ཐེངས་འདིའི་འགྲེམ་སྟོན་གྱི་སྐལ་བ་བཟང་བོ་བེད་སྤྱོད་གང་ལེགས་བྱས་ཏེ། འཛམ་གླིང་ཡོངས་སུ་བདེ་ཆེན་སེམས་ཀྱི་ཉི་ཟླའི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་གོང་འཕེལ།  དཔལ་འབྱོར་འཕེལ་རྒྱས།  མི་རྣམས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་གསར་བ་སྟོན་རྒྱུ་ཡིན་པ་རེད།
         ཨེ་ཤ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱི་ནེ་པ་ལའི་འགྲེམས་ཚོགས་སུ་ཞུགས་པ་ནི་བདེ་ཆེན་ལ་མཚོན་ན་གོ་སྐབས་ཞིག་ཡིན་པ་མ་ཟད། འགྲན་སློང་ཞིག་ཀྱང་རེད། བདེ་ཆེན་གྱིས་སྟེགས་བུ་འདི་དམ་འཛིན་བྱས་ནས་རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་གི་ཨེ་ཤེ་ཡ་ཤར་ལྷོའི་དཔལ་འབྱོར་གྱི་འཁོར་རྒྱ་དང་འབྲེལ་མཐུད་བྱས་ཏེ། ཤུགས་ཡོངས་ཀྱིས་བདེ་ཆེན་གྱི་སྤུས་རྟགས་དང་ཐོན་ཁུངས་ལ་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ནས། གོམ་གང་མདུན་སྤོས་ཀྱིས་བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་རིང་གི་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གྲུབ་འབྲས་འགྲེམ་སྟོན་བྱེད་རྒྱུ་རེད། 
         དུས་མཚུངས་སུ། རང་ཞིང་གིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཡུན་ནན་གྱི་ཐོན་རྫས་ཕྱི་རུ་འདྲེན་པའི་ལས་གཞི་དང་ཟུང་འབྲེལ་བྱས་ནས། ཕྱི་ཕྱོགས་སུ་བདེ་ཆེན་གྱི་ཐོན་རྫས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་རྒྱུ་ཡིན་པ་རེད།