བྱམས་པ་ཕུན་ཚོགས་ཀྱིས་བདེ་ཆེན་ཁུལ་གྱི་ལས་དོན་སྙན་ཞུ་ལ་གསན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

           


             སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་8པའི་ཚེས་24ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་པེ་ཅིང་དུ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་དང་བཅས་པར་མཇལ་འཕྲད་གནང་བ་མ་ཟད། བདེ་ཆེན་ཁུལ་གྱི་ལས་དོན་སྙན་ཞུ་ལ་གསན་པ་རེད།

བྱམས་པ་ཕུན་ཚོགས་ཀྱིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་དང་།ལོ་60རིང་བདེ་ཆེན་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་གནང་བ་རེད།

            ཆི་ཅན་ཞིན་གྱིས་བྱམས་པ་ཕུན་ཚོགས་ཀྱིས་བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ60འཁོར་བའི་རྟེན་འབྲེལ་བྱེད་སྒོ་ལ་མུ་མཐུད་དུ་ཐུགས་ཁུར་དང་།མཛུབ་ཁྲིད་བྱེད་རྒྱུར་རེ་ཞུ་ཞུས་པ་མ་ཟད།ཁུལ་སྟོན་སྐབས་སུ་བདེ་ཆེན་དུ་ཕེབས་ནས་ལས་ཀར་ཞིབ་བཤེར་མཛུབ་ཁྲིད་གནང་བར་གདན་ཞུ་བྱས་པ་རེད།