དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དཔོན་ལི་ཀུའོ་ལིའང་།

རྩོམ་པ་པོ།   ཚེ  ཡིག་བསྒྱུར།       དུས་ཚོད།   2017-08-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

1981ལོའི་ཟླ5པར་འཚོགས་པའི་བདེ་ཆེན་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ལི་ཀུའོ་ལིའང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ལ་བདམས་ཐོན་བྱུང་ཞིང་།བློ་མཐུན་ལི་ཀུའོ་ལིའང་གིས་ཏང་དང་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་ཟབ་མོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བའི་ཞོར་དུ།འགན་འཁྲི་ལྗིད་མོ་དང་གནོན་ཤུགས་ཆེན་པོ་ཞིག་ཡོད་པ་ཡང་ཚོར་བྱུང་། 

དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དཔོན་ལི་ཀུའོ་ལིའང་།  

 

 དོན་དངོས་ཡིན་པ་ལྟར།   དུས་རབས་20པའི་ལོ་རབས80དུས་མགོའི་བདེ་ཆེན་ནི་ཐེངས་མང་པོར་ཆབ་སྲིད་ཀྱི་ལས་འགུལ་དང་།ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་པོ་སོགས་ཀྱི་རྐྱེན་གྱིས་ཡང་བསྐོར་བསྐྱར་བསྐོར་དུ་ཞིང་ཆེན་ཡོངས་དང་མཉམ་དུ་འཕེལ་རྒྱས་ཡོང་བའི་གོ་སྐབས་ཤོར་ཡོད།   ལྷག་པར་ལོ་མང་བོའི་རིང་བདེ་ཆེན་གྱིས་ནགས་ཚལ་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཤིང་ཆ་གཅོད་འབྲེག་ངེས་ཅན་ཞིག་བྱས་ཡོད་པས་བདེ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད།ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། འགྲིམ་འགྲུལ། གྲོང་ཁྱེར་དང་གྲོང་རྡལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་རྗེས་ལུས་མི་ཉུང་བ་ཞིག་ཐེབས་ཡོད་ཅིང་།མི་དམངས་མང་ཚོགས་ཀྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡིན།  བློ་མཐུན་ལི་ཀུའོ་ལིའང་སོགས་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་མདུན་དུ་གནད་དོན་དང་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཡོད།   སྲིད་གཞུང་གི་སྒྲིག་གཞི་འཐུས་ཚང་མེད་པ་དང་། ཚན་ཁག་མི་སྙོམས་པ།སྲིད་གཞུང་གི་གཞུང་སྒྲུབ་ལས་ཁུངས་མང་ཆེ་བ་ཞིག་རིམ་བཞིན་སླར་གསོ་བྱེད་པའི་སྒང་ཡིན་ལ་ལས་བྱེད་མི་སྣས་ཀྱང་འདང་གི་མེད།   ཁུལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཐད་རྗེས་ལུས་ཐེབས་ནས་ཐོན་སྐྱེད་ཀྱིས་རང་མཁོ་རང་སྤྲོད་བྱེད་ཐུབ་ཀྱི་མེད།གནད་དོན་འདི་དག་ཚང་མའི་ཁྲོད་བློ་མཐུན་ལི་ཀུའོ་ལིའང་གིས་ཆེས་གནད་འགག་གི་གནད་དོན་ནི་ཁུལ་ཡོངས་ཀྱི་ལས་བྱེད་པའི་བསམ་བློའི་གནད་དོན་ཐག་གཅོད་རྒྱུ་དེ་ཡིན་པར་སྙམ་ཡོད།     

      ཁོང་གིས་མ་ཉེས་ཁ་ཡོལ་གྱི་གྱོད་གཞི་དག་སེལ་དང་ཤེས་ཡོན་ཅན་གྱི་སྲིད་ཇུས་དོན་འཁྱོལ་བྱས་པ།    1978ལོའི་ཟླ་4བར།ཀྲུང་གུང་བདེ་ཆེན་ཁུལ་ཨུའི་གཞུང་ལས་ཁང་གིས་གཡོན་ཕྱོགས་པའི་ཞྭ་མོ་ཕུད་པའི་གཞུང་ལས་ཁང་བཙུགས་ཤིང་།   ཁུལ་ཡོངས་ཀྱི་མི་ངན་རིགས་བཞི་ཡི་ཞྭ་མོ་ཕུད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།1980ལོའི་ཟླ་ལྔ་པར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཆོས་ལུགས་ཀྱི་གོང་རིམ་རྒྱལ་གཅེས་མི་སྣ་དག་ལ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་བཅགས་ཟིན་པའི་གླ་ཕོགས་གསབ་སྤྲོད་བྱས་པ་རེད།  

     1981ལོའི་ཟླ4པར་བློ་མཐུན་ལི་ཀུའོ་ལིའང་ཁུལ་ཨུས་རྩ་འཛུགས་བྱས་པའི་བློ་མཐུན་ཏེང་ཞའོ་ཕིང་གིས་ཟླ3པའི་ཚེས27ཉིན་ཀྲུང་དབྱང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་སློབ་སྦྱོང་ཚོགས་འདུ་ནང་ཞུགས་ཤིང་།ཆབ་སྲིད་ཐོག་ཏང་ཀྲུང་དབྱང་དང་བསམ་བློ་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས།   ལས་བྱེད་པ་དང་མང་ཚོགས་ཚོར་སློབ་གསོ་གཏོང་ཆེད།   བློ་མཐུན་ལི་ཀུའོ་ལིའང་གིས་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་དབྱང་དང་།ཞིང་ཆེན་ཏང་ཨུའི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་།  དེ་དང་དུས་མཚུངས་སུ་བདེ་ཆེན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་།གཡོད་གཞི་རྫུན་མ། གྱོད་གཞི་ནོར་འཁྲུལ་ཅན་སོགས་ལ་དག་སེལ་དཀར་འདོན་བྱས་པ་རེད།  

     1983ལོའི8པར་བློ་མཐུན་ལི་ཀུའོ་ལིའང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལ་བདམས་ཐོན་བྱུང་བ་རེད།

ཁོང་གིས་ཞིང་གྲོང་དུད་ཁྱིམ་གྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་འགན་འཁྲིའི་ལམ་ལུགས་སྐལ་འདེད་བཏང་བ།  1982ལོའི་ཟླ་9བར་དུ་ཁུལ་ཡོངས་སུ་ཁྱོན་བསྡོམས་ཐོན་སྐྱེད་རུ་ཁག་2298ཡོད།   ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་མཁན1642ཡོད།1984ལོའི་ཟླ་12བར་དུ་ཁུལ་ཡོངས་སུ་གཙོ་གནད་དུད་ཚང་དང་།ཆེད་ལས་དུད་ཚང་3479ལ་འཕེལ་རྒྱས་བྱུང་ཡོད།  དེའི་ཁྲོད་འདེབས་འཛུགས་ལས་རིགས་ཀྱི་དུད་ཚང་680དང་། གསོ་སྤེལ་ལས་རིགས་ཀྱི་དུད་ཚང་737  སྐྱེལ་འདྲེན་ལས་རིགས་ཀྱི་དུད་ཚང་920ལས་སྣོན་བྱེད་པའི་ལས་རིགས་ཀྱི་དུད་ཚང་396  ཨར་སྐྲུན་ལས་རིགས་ཀྱི་དུད་ཚང་28   གཏེར་འདོན་ལས་རིགས་ཀྱི་དུད་ཚང་32  སྨན་བཅོས་ལས་རིགས་ཀྱི་དུད་ཚང་29སོགས་ཡོད། 

     ཁོང་གིས་ནགས་ལས་སྐོར་གྱི་གཏན་འཁེལ་གསུམ་ལག་བསྟར་བྱས་པ།  བདེ་ཆེན་ཁུལ་གྱི་ནགས་ལས་ཕྱོགས་ཀྱི་གཏན་ཁེལ་གསུམ་སྟེ་རི་དབང་དང་ནགས་དབང་བརྟན་པོ་གཏོང་བ་དང་།རང་བཞག་ནགས་ལས་དབྱེ་འབྱེད་བྱེད་པ། ནགས་ལས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ལ་གཏན་འཁེལ་བྱེད་པའི་ཚོད་ལྟའི་ས་ཚིགས་དེ་ཡང་རྒྱལ་ཐང་རྫོང་མགོ་བརྩམས་པ་རེད།   ཧ་པ་གངས་རི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་། ནགས་ཕག་མཚོ་རང་བྱུང་སྲུང་སྐྱོང་ས་ཁུལ།  བལ་འཐག་མཚོ་རང་བྱུང་སྲུང་སྐྱོབ་ས་ཁུལ་སོགས་དབྱེ་འབྱེད་བྱས་པ་རེད།  ཁོང་གིས་ཞིང་གྲོང་དུ་ཆུས་སྲིད་འཛིན་ཤང་དུ་འགྱུར་བའི་ལས་ཀར་སྐུལ་འདེད་བཏང་བ།  

     1986ལོའི་ཟླ་11པར་བློ་མཐུན་ལི་ཀུའོ་ལིའང་ཁུལ་ཨུའི་ཧྲུའུ་ཅི་ལས་གནས་སྟེང་ནས་མར་བུད་དེ་1988ལོའི་ཟླ་3པར་དངོས་སུ་ལས་འཁྱུར་ངལ་གསོ་བྱས་མོད།   སྟབས་མ་ལེགས་པ་ཞིག་ལ་སྐབས་དེར་ཁོང་གི་ལུས་ལ་ན་ཚ་བྱུང་ནས་ཕུགས་བསམ་ཅན་གྱི་མི་བུ་ཁོང་ཉིད་ཏ་ལི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་བྱུང་།  1993ལོའི་ཟླ3པའི་ཚེས3སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཏ་ལིའི་60སྨན་ཁང་སྐུ་ཚེ་འདས་ཤིང་།   དགུང་ལོ64ཡིན།