རྩོམ་པ་པོ།   ཚེ  ཡིག་བསྒྱུར།       དུས་ཚོད།   2017-08-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
1986ལོའི་ཟླ་11པ་ནས1993ལོའི་ཟླ་12པའི་བར་ནི་བྱམས་པ་རྒྱལ་མཚན་གྱིས་ཁུལ་ཨུའི་ཧྲུའུ་ཅིའི་འགན་ཁུར་བའི་དུས་ཡུན་ཡིན་ཞིང་།ཏག་ཏག་སྐབས་དེར་རང་རྒྱལ་ནི་རིག་གནས་གསར་བརྗེ་ཆེན་པོའི་ཤུགས་རྐྱེན་ལས་ཐར་ཏེ་བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ཕྱོགས་སུ་བསྐྱོད་པ་དང་། འཆར་གཞིའི་དཔལ་འབྱོར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་རྣམ་པར་འགྱུར་བའི་དུས་ལ་འཁེལ་ཡོད་པས། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་བ་དང་། དེའི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་དོན་རྐྱེན་གལ་ཆེན་ཁ་ཤས་ཀྱིས་བདེ་ཆེན་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།
དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་བྱམས་པ་རྒྱལ་མཚན།
གཅིག་ནི་དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་བོད་དུ་ཟིང་ཆ་ཆེན་པོ་ཐེངས་གསུམ་བྱུང་བ་དང་།བདེ་ཆེན་ནི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ཡི་གྲས་ཤིག་ཡིན་པའི་ཆ་ནས། དེ་དུས་བདེ་ཆེན་ཡང་རྒྱལ་ཡོངས་ས་གནས་ཁག་དང་འདྲ་བར་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་བུ་ལ་བསྐྱོད་ཡོད་པ་དང་།མདུན་ལམ་ལ་རེ་བས་ཁེངས་ཡོད། འོན་ཀྱང་གྲྭ་པ་ཉུང་ཤས་ཀྱིས་ཁྲིམས་མཐུན་མིན་པའི་རེ་འདུན་ཞུ་བ་དང་དྲིལ་བསྒྲགས་ཤོག་ལྷེ་བཀྲམ་པ་སོགས་ཀྱི་གནས་ཚུལ་བྱུང་ནས།བོད་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་དང་།ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་སྟེ་ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་།ནན་ཏན་གྱིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དོན་འཁྱོལ་དང་།ཆོས་ལུགས་སྲིད་ཇུས།འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས།ནུས་ཡོད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་ནས། བདེ་ཆེན་དུ་ཟིང་འཁྲུག་ཆེན་པོ་མི་བྱུང་བར་ཁག་ཐེག་བྱས་ཡོད་ལ། མི་རིགས་མཐུན་སྒྲིལ་དང་།སྤྱི་ཚོགས་དང་ཆབ་སྲིད་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཡོད།
གཉིས་ནི་1989ལོའི་ཆབ་སྲིད་ཀྱི་ཟིང་ཆ་རེད། དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་སྤྱི་ཚོགས་ཐོག་འབྱོར་ལྡན་གྲལ་རིམ་གྱིས་རང་དབང་ཅན་གྱི་བསམ་པའི་རླབས་རྒྱུན་གྱི་ཚ་རླབས་ཤིག་འཕྱུར་ཡོད།བདེ་ཆེན་ཁུལ་ནས་དུས་ཐོག་ཏུ་སློབ་གསོ་སྤེལ་བ་དང་། སྣེ་སྟོན་བྱེད་པ། ལྟ་བ་གསལ་སྟོན་གྱིས་ཟིང་འཚུབ་ལ་ངོ་རྒོལ་བྱས་ཤིང་འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་གྱི་ཤུགས་རྐྱེན་ངན་པ་སེལ་ནས་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲུང་སྐྱོང་བྱས་ཡོད། བདེ་ཆེན་ཁུལ་གྱིས་རང་ཕྱོགས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་བློ་མཐུན་ཏེང་ཞའོ་ཕིན་གྱིས་ལྷོ་ཕྱོགས་སུ་སྐོར་གཡེང་བྱེད་སྐབས་གསུང་བཤད་གནང་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། བདེ་ཆེན་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་བུ་ཐོག་མྱུར་བསྐྱོད་བྱེད་པར་སྐུལ་འདེད་བཏང་ཡོད་ཅིང་། གོང་གསལ་གནས་ཚུལ་དག་ནི་ཁོང་གིས་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའི་འཁུར་སྐབས་འཕྲད་པའི་གལ་ཆེའི་དོན་རྐྱེན་སྐོར་ཡིན།
ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁྲི་ལག་བསྟར་བྱེད་སྐབས་བསམ་གཞིགས་བྱེད་པའི་གནད་དོན་མང་ཤོས་དང་བེད་སྤྱོད་བྱེད་ཐབས་སྐོར་ནི། སྤྱི་ལོ་1986ལོའི་ཟླ11པར་བྱམས་པ་རྒྱལ་མཚན་རྒྱལ་ཐང་རྫོང་རྫོང་ཨུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་ཐད་ཀར་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལ་བདམས་ཐོན་བྱུང་ཞིང་། གནོན་ཤུགས་ཆེན་པོ་ཡོད་ན་ཡང་ལས་འགན་འདི་གཟི་བརྗིད་ལྡན་པ་དང་འགན་འཁུར་ལྗིད་མོ་ཡོད་པ་ཡང་ཚོར་བྱུང་།
1993ལོར་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ནས་སྐབས་དང་པོའི་བདེ་ཆེན་ལས་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་འཚོགས་ཤིང་། སྐབས་དེར་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་ཡོད་པའི་བྱམས་པ་རྒྱལ་མཚན་གྱིས་བློ་མཐུན་ཧོ་ཀྲི་ཆང་དང་མཉམ་དུ་རྟག་དཔྱད་བྱེད་པ།
དེའི་བར་སྐབས་སུ་བྱམས་པ་རྒྱལ་མཚན་གྱིས་བསམ་གཞིགས་བྱེད་པ་ཆེས་མང་བའི་གནད་དོན་སྐོར་ལ། གཅིག་ནི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཆབ་སྲིད་ཀྱི་རྩ་དོན་དམ་འཛིན་བྱས་ཏེ། ཇི་ལྟར་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བྱེད་ཕྱོགས།སྲིད་ཇུས་སོགས་ཁུལ་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ཡིན། གཉིས་ནི་ཇི་ལྟར་བྱས་ནས་གོ་སྐབས་དམ་འཛིན་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་ཡིན།གསུམ་ནི་ཇི་ལྟར་བྱས་ནས་བདེ་ཆེན་གྱི་འཆམ་མཐུན་དང་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་བྱས་ནས།ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་བཅས་རེད།
བདེ་ཆེན་ནི་བོད་རིགས་གཙོ་བོར་གྱུར་པའི་མི་རིགས་མང་པོ་འདུས་སྡོད་བྱས་པའི་མི་རིགས་རང་སྐྱོང་ཁུལ་ཞིག་ཡིན་ལ།ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་དེ་ཡིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་ནས།མང་ཚོགས་ཀྱི་ལམ་ཕྱོགས་དང་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད།
1993ལོའི་ཟླ་12པར་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་དབུལ་སྐྱོར་ལས་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་བསྡུས་ཤིང་། བདེ་ཆེན་གྱི་སྲིད་ཇུས་དང་། རྣམ་གྲངས། མ་དངུལ།ཤེས་ལྡན་མི་སྣའི་ཕྱོགས་སོ་སོར་རྒྱབ་སྐྱོར་གནང་སྟེ་གལ་ཆེའི་རྣམ་གྲངས་ཁག་ཅིག་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱས་ནས་དབུལ་སྐྱོར་འཆར་འགོད་རྣམ་གྲངས་97ལ་རགས་རྩིས་མ་དངུལ་སྒོར་དུང་ཕྱུར་21གཏོང་རྒྱུ་བྱས་ཏེ་འགྲིམ་འགྲུལ་དང་།ནུས་ཁུངས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཧུར་ཐག་བྱས་ཡོད།
ཤེས་ལྡན་མི་སྣ་ནི་ལས་དོན་མཐའ་དག་ཡག་པོར་སྒྲུབ་པའི་རྨང་གཞི་ཞིག་ཡིན།དེའི་རྐྱེན་གྱིས་བདེ་ཆེན་གྱི་རིམ་པ་ཁག་གི་ས་བསམ་བློའི་ཐོག་ཤེས་ཡོན་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང་།ཤེས་ལྡན་པར་བརྩི་འཇོག་བྱེད་པ། ངལ་རྩོལ་ལ་བརྩི་མཐོང་། གསར་གཏོད་ལ་བརྩི་འཇོག་བཅས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་མི་སྣའི་བློ་གྲོས་འདོན་སྤེལ་བྱས་ཡོད་ལ། དེ་ལྟར་བྱས་ན་གཞི་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་།མི་རིགས་ལ་གཞི་ནས་རེ་བ་ཡོད་པར་འདོད་ཡོད།
བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དུ་བྱམས་པ་རྒྱལ་མཚན་དང་ཧོ་ཀྲི་ཆང་གཉིས་མཉམ་དུ་བླངས་པའི་པར།
སྔར་ལས་ལྷག་པའི་སྒོ་ནས་ས་བབ་ཀྱི་དགེ་མཚན་འདོན་སྤེལ་དང་། མ་དངུལ་ནང་འདྲེན་བྱེད་པ། ཡུལ་སྐོར་ཐོན་ལས་ཇེ་མགྱོགས་སུ་གཏོང་བའི་ཐད་ལ། བྱམས་པ་རྒྱལ་མཚན་གྱིས་གསུངས་དོན། ང་ཚོས་འཛུགས་སྐྲུན་ཐད་ལའང་བསམ་བློ་བཏང་ནས་དམངས་སྤྱོད་གནམ་གྲུ་ཐང་ཞིག་ལས་རྒྱུ་དྲན་པ་དང་།1991ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲོས་བསྡུར་བྱས་པ་བརྒྱུད་བདེ་ཆེན་གནམ་ཐང་བསྐྲུན་པར་ཐག་གཅོད་བྱས་པ་རེད། ང་ཚོས་གོ་སྐབས་ཡོད་ཚད་དམ་པོར་བཟུང་ནས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་བརྩོན་ལེན་བྱས་ཏེ་དཀའ་ཚེགས་ཆེ་བའི་དུས་འགོའི་ལས་དོན་མང་པོ་བསྒྲུབས་ཤིང་།1999ལོའི་ཟླ་5པར་གནམ་གྲུ་ཤར་གཏོང་བྱེད་ཐུབ་པ་བྱུང་ནས་བདེ་ཆེན་དང་ཕྱི་རོལ་སྦྲེལ་ཐུབ་པ་བྱུང་ཡོད།
ཕ་ཡུལ་ལ་བརྩེ་སེམས་བཅངས་ནས་བདེ་ཆེན་ཞི་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། 1993ལོའི་ཟླ་12པར་བྱམས་པ་རྒྱལ་མཚན་ཞིང་ཆེན་དུ་ལས་གནས་སྤར་བ་དང་། སྔ་གཞུག་ཏུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་།ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགོ་ཁྲིད་ཀྱི་གོ་གནས་སྲུང་ཡོད་ལ།ལས་ཀའི་ཐད་བྲེལ་བ་ཅི་ཙམ་ཆེ་ན་ཡང་སྔར་བཞིན་བདེ་ཆེན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་ཡོད།
བྱམས་པ་རྒྱལ་མཚན་གྱིས་དུས་རྒྱུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད་ཅིང་། བོད་ཁུལ་བརྟན་བརླིང་དང་། བོད་ཁུལ་འབྱོར་ཕྱུག་ཡོང་བར་སྲིད་ཇུས་རབ་དང་རིམ་པ་ཞིག་བཏོན་ཡོད། ནན་ཏན་གྱིས་ལས་དོན་སྒྲུབ་པ་ཡིན་ན་བདེ་ཆེན་ནི་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་ལས་ཆེས་བཟང་བའི་ས་ཁུལ་དུ་བསྒྱུར་ཐུབ་པར་ང་ལ་ཡིད་ཆེས་ཡོད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བའི་སྐབས་སུ་ངས་སྙིང་ཐག་པ་ནས་ཡུལ་མི་སྤུན་ཟླ་ཚོར་བདེ་སྐྱིད་ཁམས་བཟང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།