རང་ཁུལ་གྱི་ཞིང་ལས་ཚན་རིག་ཁང་གིས་དེང་རབས་ཞིང་ལས་ཐོན་ལས་ མ་ལག་གི་གསོ་སྦྱོང་གཉེར་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་18ཉིན།བདེ་ཆེན་ཁུལ་གྱི་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་བདེ་ཆེན་ཁུལ་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་ལས་འགན་ལ་དབྱེ་ཕྲལ་དང་བདག་གཉེར་གྱི་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད། 

    གསོ་སྦྱོང་ཚོགས་འདུའི་ཐོག་ཕྱོགས་ཡོངས་ཀྱིས་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་འབྱུང་ཁུངས་དང་།བདེ་ཆེན་ཁུལ་གྱི་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་འཛུགས་སྐྲུན་གནས་ཚུལ།དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་ལས་འགན་གྱི་གཞི་རྩའི་སྒྲོམ་གཞི་དང་།དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་མ་དངུལ་བེད་སྤྱོད་བཅས་ཕྱོགས་བཞི་ལ་འགྲེལ་བཤད་བྱས་པ་རེད།  

    ཤེས་རྟོགས་བྱུང་བར་གཞིགས་ན།དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་ནི་ཞིང་ལས་ཐོན་ཁུངས་དང་ཚན་རིག་ཐོན་ཁུངས་ཕན་ཚུན་སྡེབ་སྒྲིག་བྱས་པའི་བྱེད་སྟངས་གསར་པ་ཞིག་ཡིན། གནས་ཚུལ་གསར་པའི་འོག་ཞིང་ལས་ཚན་རིག་གི་འཁོར་སྐྱོད་སྒྲིག་སྲོལ་དང་བདག་གཉེར་སྒྲིག་སྲོལ་གྱི་གལ་ཆེ་བའི་གསར་གཏོད་ཀྱང་ཡིན། དེ་ཞིང་ལས་ཚན་རིག་གི་ལམ་སྲོལ་དང་སྒྲིལ་སྲོལ་བསྒྱུར་བཅོས་ལ་ཟབ་མོར་གཏོང་བའི་ཁ་ཕྱོགས་དང་དགོས་འདུན་ཕན་ཚུན་མཐུན་པ་རེད། མིག་སྔའི་བར་དུ་རང་ཁུལ་གྱིས་རྒྱལ་ཁབ་གྱི་དེང་རབས་ཞིང་ལས་ཡུག་པོ་དང་བྲ་བོའི་ཐོན་ལས་ལག་རྩལ་མ་ལག་གི་བདེ་ཆེན་གྱི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་དང་།རྒྱལ་ཁབ་གྱི་དེང་རབས་ཞིང་ལས་སོ་བ་དང་ནས་ཀྱི་ཐོན་ལས་ལག་རྩལ་མ་ལག་གི་བདེ་ཆེན་གྱི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་དང་། ཡུན་ནན་ཞིང་ཆེན་གྱི་དེང་རབས་ཞིང་ལས་ཞོག་ཁོག་གི་ཐོན་ལས་ལག་རྩལ་མ་ལག་གི་བདེ་ཆེན་གྱི་ཚོད་ལྟའི་ས་ཚིགས་དང་། ཡུན་ནན་ཞིང་ཆེན་གྱི་དེང་རབས་ཞིང་ལས་དང་།མེ་ཏོག་ཤིང་ཕྲུག་གི་ཐོན་ལས་ལག་རྩལ་མ་ལག་གི་བདེ་ཆེན་གྱི་ཚོད་ལྟའི་ས་ཚིགས་དང་། ཡུན་ནན་ཞིང་ཆེན་གྱི་དེང་རབས་ཞིང་ལས་ཀྱི་རྩྭའི་ཐོན་ལས་ལག་རྩལ་མ་ལག་གི་བདེ་ཆེན་གྱི་ཚོད་ལྟའི་ས་ཚིགས་སོགས་ལ་ཞུགས་ཡོད་པ་དང་། འབྲས་ཡུག་པོ་དང་། བྲ་བོ་དང་ཞོག་ཁོག་སོགས་ཀྱི་ཐོན་ལས་ལག་རྩལ་མ་ལག་གི་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་པ་རེད།