ཀུའུ་ཁུན་གྱིས་ཁུལ་སྟོན་སྐབས་སུ་བདེ་འཇགས་སྲུང་སྐྱོང་ལས་ཀ་སྒྲུབ་དགོས་ཞེས་བསྟན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིྒ་དྲ་བའི་འཕྲིན། ཟླ་8 ཚེས་21ཉིན།ཁུལ་ཨུད་ཀྱི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་།ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲ་ཀྲུང་ཝང་གིས་ཁུལ་སྤྱི་བདེ་ཅུས་ལ་བརྟག་ཞིབ་གནང་བ་རེད།

    ཀུའུ་ཁུན་འཁོར་དང་བཅས་པས་ཁུལ་སྤྱི་བདེ་ཅུས་ཀྱི་ཚན་རྩལ་བརྡ་འཕྲིན་ཅན་ཁྲུའུ་དང་དྲ་བའི་བདེ་འཇགས་ཡན་ལག་རུ་ཁག་ལ་བརྟག་ཞིབ་བྱས་པ་དང་འབྲེལ་སྤྱི་བདེའི་གཞུང་ལས་སྒྲུབ་བྱེད་མ་ལག་ལས་ཀའི་འཁོར་སྐྱོད་གནས་ཚུལ་ལྟ་ཞིབ་བྱས་ཤིང་།འབྲེལ་ཡོད་འགན་འཁུར་བའི་ལས་ཀའི་སྙན་སེང་ཞུ་བར་ཉན་པ་རེད།ཞིབ་ཕྲ་གནང་བ་དང་འབྲེལ་ཡོད་ ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་བརྒྱུད།ཀུའུ་ཁུན་གྱིས་སྤྱི་བདེཅུས་ཀྱི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་དང་སྤྱི་བདེའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད་།ཁོང་གིས་བསྟན་དོན།སྔོན་ཐོན་སྒྲིག་ཆས་ཀྱིས་བདེ་འཇགས་ལ་སྔར་བས་འགན་ལེན་མཁོ་འདོན་བྱས་ཡོད་དེ། རིམ་པ་སོ་སོའི་སྤྱི་བདེ་སྡེ་ཁག་གིས་སྟེགས་བུ་དེ་ངེས་པར་དུ་བེད་སྤྱོད་ཡག་པོ་དང་། སྔར་ལས་ལྷག་པའི་སྒོ་ནས་ལས་དོན་སྤེལ་དགོས།

    ཀུའུ་ཁུན་གྱིས་བསྟན་དོན་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་60 འཁོར་བའི་རྟེན་འབྲེལ་འཆར་ཉེར་ཡོད་པའི་སྐབས་སུ། གཞི་རིམ་གྱི་མངགས་གཏོང་ཁང་སོ་སོ་ནི་སྤྱི་བདེ་ཁོངས་གཏོགས་ཀྱི་“མདུན་ཕྱོགས་ཀྱི་སོ་ལྟ”ཡིན་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཁོངས་གཏོགས་ཀྱིས་ཁུལ་ཨུད་དང་ཁུལ་སྲིད་གཞུང་། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་།གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལ་ནན་པོར་གཞིགས་ནས། འགན་འཁྲི་ནན་ཏན་འཁུར་བ་དང་། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་དགོས་པ་དང་། ཁུལ་སྟོན་བར་སྐབས་ཀྱི་བདེ་འཇགས་འགན་ལེན་ལས་དོན་ཁག་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། སྡེ་ཚན་ཁག་གིས་ལས་དོན་སྔར་བས་ཞིབ་ཚགས་སུ་བཏང་བ་དང་ལས་བྱེད་མི་སྣའི་སྐོང་འཐེན་དང་གོས་སྦྱོང་ལས་ཀ་མགྱོགས་ཙམ་ཡོས་འགྲུབ་བྱེད་གདོས། འབའ་ལུང་རྫོང་དང་། འཇོལ་རྫོང་སྤྱི་བདེ་ཅུས་ཀྱིས་ཁུལ་སྤྱི་བདེ་ཅུས་བར་ལ་འབྲེལ་མཐུད་མཐུད་ཡག་པོ་བྱེད་པ་དང་། བདེ་སྲུང་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་སྟེ། བདེ་ཆེན་གྱི་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་འབུལ་དགོས་པ་དང་།ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་གྲུབ་འབྲས་གསར་པ་སླར་ཡང་སྐྲུན་དགོས།

    ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།ཁུལ་སྤྱི་བདེ་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་ཁྲོན་ཙེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་ཅུད་ཏང་ཨུད་ཀྱི་ཨུ་ཡོན་དང་། སྡེ་ཚན་གྱི་འགན་འཁུར་བ། དེ་བཞིན་རྫོང་དང་གྲོང་ཁྱེར་ཁག་གི་འགན་འཁུར་བ་གཙོ་བོ་དང་མངགས་གཏོང་ཁང་ཁག་གི་འགན་འཁུར་བ་་སོགས་ཚོགས་འདུར་ཞུགས་ཡོད།