རང་རྒྱལ་གྱིས་བཟོས་པའི་TA600ཡི་སྐམ་ས་དང་ཆུ་ཐོག་གཉིས་སུ་སྤྱོད་ཐུབ་པའི་གནམ་གྲུ་ཆེ་གྲས་ཀྱི་ཆུའི་སྒུལ་ནུས་ཞིབ་སྤེལ་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-14   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གསར་འགོད་པས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱས་པར།རང་རྒྱལ་གྱིས་བཟོས་པའིTA600(AG600ཡང་ཟེར)མེ་གསོད་དམ་ཆུ་ཐོག་སྐྱོབ་རོགས་ཀྱི་ཆུ་ཐོག་དང་སྐམ་ས་གཉིས་ཀར་སྤྱོད་ཐུབ་པའི་གནམ་གྲུ་ཉིན་ཤས་གོང་མཁའ་འགྲུལ་བཟོ་ལས་མྱུར་བགྲོད་ཆུའི་སྒུལ་ནུས་མཁའ་འགྲུལ་ཚན་རྩལ་གཙོ་གནད་ཚོད་ལྟ་ཁང་དུ་ཞིབ་སྤེལ་ཚོད་ལྟ་བྱ་རྒྱུ་ལེགས་གྲུབ་བྱུང་ནསTA600གནམ་གྲུ་ཆུ་ཐོག་ནས་ཐོག་མར་འཕུར་རྒྱུར་རྨང་གཞི་བརྟན་པོ་འདིང་ཐུབ་པ་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།མཁའ་འགྲུལ་བཟོ་ལས་མྱུར་བགྲོད་ཆུའི་སྒུལ་ནུས་མཁའ་འགྲུལ་ཚན་རྩལ་གཙོ་གནད་ཚོད་ལྟ་ཁང་ལ་དེའི་ཐད་འཇོན་ཐང་ལྡན་པའི་ཞིབ་འཇུག་ཚོགས་པ་ཞིག་ཡོད་པ་དེས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་བཟོའི་ལས་འགན་མང་པོ་ཁུར་ནསMA60དང་། ARJ21AC313སོགས་ཀྱི་གནམ་གྲུ་ཞིབ་འཇུག་དང་ཚོད་ལྟ་བྱས་ཡོད་པ་རེད།