ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།   དབྱང་ཡུང་།  ཡིག་བསྒྱུར།       དུས་ཚོད།   2017-08-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་།གུའུ་ཁུན་གྱིས་ལས་ཀའི་སྙནསེང་ཞུས་པ།


     ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་འཐུས་ཚབ་བྱས་ནས་ལས་ཀའི་སྙན་སེང་ཞུ་བཞིན་པ།


    ཟླ་7པའི་ཚེས་31ཉིན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཁུལ་ཨུའི་སྙན་ཞུ་ཁང་དུ་འཚོགས་པ། (དབྱང་ཡུང་གིས་པར་བླངས།)

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས(2017ལོའི་ཟླ་7པའི་ཚེས་31ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)
        ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་2017ལོའི་ཟླ་3པའི་ཚེས་31ཉིན་སེམས་ཀྱི་ཉི་ཟླར་འཚོགས་པ་རེད།
        ཚང་འཛོམས་གྲོས་ཚོགས་འདིར་ཞུགས་པའི་ཁུལ་ཨུའུ་ཨུ་ཡོན་37དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་6ཡོད།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་གཞི་རིམ་གྱི་འཐུས་མི་འགའ་གྲོས་ཚོགས་སུ་ཟུར་ཞུགས་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ལས་ཀའི་སྙན་སེང་ཞུས་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་བོད་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་པར་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་(གྲོས་བསྡུར་ཟིན་བྲིས)གྱི་གསལ་བཤད་ཉན་པ་དང་།“ཧོང་ཧོ་གྲོས་ཚོགས”ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།ལོ་སྟོད་ཀྱི་ལས་ཀ་ཕྱོགས་བསྡོམས་བྱས་པ་དང་།ལོ་སྨད་ཀྱི་ལས་ཀ་བཀོད་སྒྲིག་བྱས་པ།《ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་རྒྱལ་ཡོངས་བོད་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་པར་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།སྐྱེ་ཁམས་ནི་བདེ་ཆེན་གྱི་ཁུལ་འཛུགས་ཀྱི་རྩ་བ་ཡིན་པ་དང་། འཕེལ་རྒྱས་ཀྱི་རྟེན་གཞི་ཡིན་ཞིང་།དམངས་འཚོ་ལ་འབྲེལ་གཏུག་ཡོད་པས།སྐྱེ་ཁམས་ལེགས་པོ་ཞིག་མེད་ཚེ་བདེ་ཆེན་གྱི་མ་འོངས་པ་དེ་མེད་པ་རེད།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཏན་ཏིག་གིས་“འདུ་ཤེས་བཞི”བརྟན་པོར་འཛུགས་དགོས་པ་དང་། བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་པར་འཛུགས་རྒྱུའི་གཟི་བརྗིད་ལྡན་པའི་འགན་འཁྲི་དང་བླ་ན་མེད་པའི་ལས་འགན་དེ་བློ་ཐག་རྦད་ཆོད་ཀྱིས་འཁུར་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།ཁུལ་ཡོངས་ཀྱི་གོང་འོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་རྒྱལ་སྐྱོང་སྲིད་སྐྱོང་གི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ།འཐབ་ཇུས་གསར་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་རྒྱུ་དེ་གལ་ཆེའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་འཛིན་ཏེ།དགོངས་དོན་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། དེས་བསམ་བློར་དྲག་ཆས་སྤྲས་པ།ལག་ལེན་རྣམ་དག་བྱས་ནས་ལས་ཀར་སྐུལ་སྤེལ་གཏོང་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་དུ་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།“འདུ་ཤེས་བཞི”བརྟན་པོར་འཛུགས་པ།ཡར་རྒྱས་བརྩོན་ལེན་དང་ཏན་ཏན་ཏིག་ཏིག་བྱས་ནས།ཕྱོགས་ཡོངས་ནས་ལོ་སྨད་ཀྱི་རྣམ་ལས་ཀ་ཁག་ཡག་པོ་སྒྲུབ་སྟེ། ཕུལ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་རྒྱུའི་འབོད་སྐུལ་བཏང་བ་རེད།