ཁུལ་སྲིད་གཞུང་ཏང་ཙུའུ་ཡི་འགོ་ཁྲིད་ལྷན་སྤྱི་ཡིས་ཞི་ཅིན་ཕིང་གི་“7●26”གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོར་དང་དོན་འཁྱོལ་མཐར་ཕྱིན་བྱས་པ།

རྩོམ་པ་པོ།   སུང་ཞུའེ་པའོ།  ཡིག་བསྒྱུར།       དུས་ཚོད།   2017-08-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་28ཉིན།ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་འགོ་ཁྲིད་ལྷན་སྤྱི་ཡིས་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་གཙོ་བོའི་“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པར་དགའ་བསུ་ཞུ་བའི”ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཏན་ཏིག་བྱས་པ་རེད།
        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
        ཆི་ཅན་ཞིན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་ཐོག་ཏུ་གནང་བའི་གལ་ཆེའི་གསུང་བཤད་དེས་ཚན་རིག་དང་མཐུན་པའི་ངང་མིག་སྔའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཏང་དང་རྒྱལ་ཁབ་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གསལ་འགྲེལ་གཏིང་ཟབ་བྱས་པ།ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རབ་དང་རིམ་པའི་གལ་ཆེའི་རིགས་གཞུང་དང་ལག་ལེན་གྱི་གནད་དོན་ལ་གསལ་འགྲེལ་གཏིང་ཟབ་བྱས་པ།མ་འོངས་པའི་དུས་ཡུན་ཞིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྲིད་དོན་གལ་ཆེན་མོའི་བྱེད་ཕྱོགས་དང་བྱ་སྤྱོད་ཀྱི་རྩ་འཛིན་ལ་གསལ་འགྲེལ་གཏིང་ཟབ་བྱས་པ།རབ་དང་རིམ་པའི་གལ་ཆེའི་དགོངས་པ་དང་གལ་ཆེའི་ལྟ་བ།གལ་ཆེའི་ཐག་གཅོད་པ།གལ་ཆེའི་བྱ་ཐབས་བཏོན་པས།ཆེས་ཆེའི་བསམ་པའི་རང་བཞིན་དང་།འཐབ་ཇུས་རང་བཞིན།མ་འོངས་སྔོན་མཐོང་རང་བཞིན་དང་མཛུབ་སྟོན་རང་བཞིན་ལྡན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་“འདུ་ཤེས་བཞི”བརྟན་པོར་འཛུག་ཏེ།ཏན་ཏིག་གིས་བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཡོང་བ་བྱེད་པ་དང་།ཕུལ་བྱུང་བའི་གྲུབ་འབྲས་ཀྱིས་ཏངམ་གི་ཚོགས་ཆེན་བཅུ་དགུ་པ་བསུ་བ་བྱ་རྒྱུ་དེ་ནི་ཏང་ཡོངས་ཀྱི་གལ་ཆེའི་འགན་འཁྲི་ཡིན་པ་དང་།རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གི་གལ་ཆེའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན།
        ཆི་ཅན་ཞིན་གྱིས་བླང་བྱ་བཏོན་དོན།ཏང་ཙུའུ་ཡི་འགོ་ཁྲིད་ལྷན་སྤྱིའི་ཁོངས་མི་ཡོངས་ཀྱིས་སློབ་སྦྱོང་དང་ངོས་འཛིན་ནན་ཏན་བྱེད་དགོས་པ་དང་།ཏན་ཏིག་གིས་གསུང་བཤད་ཀྱི་དགོངས་དོན་གྱིས་རང་ཉིད་ཀྱི་བསམ་བློར་དྲག་ཆས་སྤྲས་པ་དང་།ལག་ལེན་ལ་མཛུབ་སྟོན་དང་ལས་ཀར་སྐུལ་སྤེལ་གཏོང་དགོས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གལ་ཆེའི་དོན་སྙིང་སྐོར་གྱི་རྣམ་བཤད་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་།ལས་ཀ་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་དོ་ཁུར་བྱེད་དགོས།ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་ཚན་རིག་དང་མཐུན་པའི་རིགས་གཞུང་དང་རླབས་ཆེན་གྱི་ལག་ལེན།འོད་སྟོང་འབར་བའི་གྲུབ་འབྲས།གྲུབ་འབྲས་ལྡན་པའི་ཉམས་མྱོང་སོགས་སྤྱད་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་སྣེ་འཁྲིད་བྱས་ནས་ “འདུ་ཤེས་བཞི་”བརྟན་པོར་གཏོང་བ་དང་“ཡིད་ཆེད་བཞི་”བརྟན་པོར་བཏང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་ངང་ཚུལ་ལེགས་པོ་ཞིག་གཏོད་དགོས།
        ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་འགོ་ཁྲིད་ལྷན་སྤྱིའི་ཁོངས་མི་ཡོངས་སློབ་སྦྱོང་ལ་ཞུགས་ཡོད་པ་རེད།