རྩོམ་པ་པོ།   ཧྲི་ཞུའེ་ཆོན།  ཡིག་བསྒྱུར།       དུས་ཚོད།   2017-08-03   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གསར་འགྱུར་བས་ཁུལ་སློབ་བསྡུའི་རྒྱུགས་ལེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན།ཟླ་7པའི་ཚེས་29ཉིན།2017ལོའི་མཐོ་འབྲིང་དཀྱུས་མའི་སློབ་མ་བསྡུ་ལེན་ལས་ཀ་བདེ་བླག་ངང་མཇུག་སྒྲིལ་ཡོད་ཅིང་།ད་ལོར་རང་ཁུལ་གྱི་དམའ་འབྲིང་སྦྱོར་ཚན་ཆུ་ཚད་ཚད་ལེན་རྒྱུགས་སྤྲོད་དུ་ཞུགས་པའི་སློབ་མ་ཁྱོན་བསྡོམས་མི་གྲངས་4458ཡོད།དེའི་ནང་ལས་མི་གྲངས་2354ལ་ཁུལ་ཕྱི་ནང་གི་མཐོ་འབྲིང་དཀྱུས་མའི་སློབ་གྲྭས་བསྡུ་ལེན་བྱས་པ་རེད།
ཁིུལ་ཕྱིའི་མཐོ་འབྲིང་གི་ནང་དུ།ཡུན་ནན་དགེ་ཐོན་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གིས་བོད་རིགས་རྒྱུགས་སྤྲོད་སློབ་མ་5དང་ལི་སུའུ་རིགས་ཀྱི་སློབ་མ་1བསྡུ་ལེན་བྱས་པ་དང་།ཁུན་མིང་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ་ཡིས་སློབ་མ་10བསྡུ་ལེན་བྱས་པ།ཡུན་ནན་མི་རིགས་སློབ་འབྲིང་གིས་སློབ་མ་24བསྡུ་ལེན་བྱས་པ།ཁུན་མིང་མི་རིགས་ལས་བྱེད་པའི་སློབ་གླིང་གིས་སློབ་མ་10བསྡུ་ལེན་བྱས་པ།ཏ་ལིའི་སློབ་འབྲིང་དང་པོའི་ཧྭ་མིང་འཛིན་གྲྭས་སློབ་མ་2བསྡུ་ལེན་བྱས་པ།ཡུན་ནན་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གིས་སློབ་མ་2བསྡུ་ལེན་བྱས་པ།ཧིང་ཧྲུའེ་སློབ་འབྲིང་གི་བདེ་ཆེན་མཐོ་འབྲིང་འཛིན་གྲྭས་སློབ་མ་40བསྡུ་ལེན་བྱས་པ།ཆུའེ་ཅིང་སློབ་འབྲིང་དང་པོས་སློབ་མ་10བསྡུ་ལེན་བྱས་པ།ཆུའེ་ཅིང་སློབ་འབྲིང་གཉིས་པས་སློབ་མ་20བསྡུ་ལེན་བྱས་པ།ཆུའེ་ཅིང་མི་རིགས་སློབ་འབྲིང་གིས་སློབ་མ་14བསྡུ་ལེན་བྱས་པ།ཡུས་ཞི་མི་རིགས་སློབ་འབྲིང་གིས་སློབ་མ་30བསྡུ་ལེན་བྱས་པ་རེད།
ཁུལ་ནང་གི་མཐོ་འབྲིང་གི་ནང་དུ།ཁུལ་མི་རིགས་སློབ་འབྲིང་གིས་སློབ་མ་1000བསྡུ་ལེན་བྱས་པ།དེའི་ནང་ནས།རེ་འདོན་དང་པོའི་ཆེས་མཐོ་བར་སྐར་གྲངས་569ཡིན་པ་དང་།ཆེས་དམའ་བར་སྐར་གྲངས་440ཡིན་ལ།སློབ་མ་916བསྡུ་ལེན་བྱས་པ་རེད།རེ་འདོན་གཉིས་པའི་སྐར་གྲངས་465ཡན་གྱི་སློབ་མ་44བསྡུ་ལེན་བྱས་པ།སེམས་ཀྱི་ཉི་ཟླའི་སློབ་འབྲིང་གིས་སློབ་མ་800བསྡུ་ལེན་བྱས་ཤིང་།དེའི་ནང་ལས། རེ་འདོན་དང་པོའི་ཆེས་མཐོ་བར་སྐར་གྲངས་501ཡིན་པ་དང་།ཆེས་དམའ་བར་སྐར་གྲངས་375ཡིན་ལ།སློབ་མ་570བསྡུ་ལེན་བྱས་པ་དང་།རེ་འདོན་གཉིས་པའི་སྐར་གྲངས་395ཡན་གྱི་སློབ་མ་189བསྡུ་ལེན་བྱས་པ།ཁུལ་བོད་ཡིག་སློབ་འབྲིང་གིས་སློབ་མ་400བསྡུ་ལེན་བྱས་ཤིང་།དེའི་ནང་ལས།ཁུལ་ཡོངས་ནས་སློབ་མ་351བཟང་བདམས་བསྡུ་ལེན་བྱས་པ་དང་།རེ་འདོན་དང་པོའི་ཆེས་མཐོ་བར་སྐར་གྲངས་523ཡིན་པ་དང་།ཆེས་དམའ་བར་སྐར་གྲངས་392ཡིན་པ།རེ་འདོན་གཉིས་པར་ཆེས་དམའ་བར་སྐར་གྲངས་413ཡིན་པ། རང་སློབ་གྲྭའི་བོད་ཡིག་སྣོན་རྒྱུགས་སྐར་གྲངས་377ཡན་གྱི་སློབ་མ་19བསྡུ་ལེན་བྱས་པ།འབའ་ལུང་རྫོང་གི་སློབ་འབྲིང་དང་པོས་ཆེས་མཐོ་བར་སྐར་གྲངས་559དང་ཆེས་དམའ་བར་སྐར་གྲངས་499.05བར་གྱི་སློབ་མ་100བསྡུ་ལེན་བྱས་པ་རེད།