སེམས་ཀྱི་ཉི་ཟླའི་སྨོན་འདུན་ཞེས་པའི་ཆེད་འཁྲབ་མཚན་ཚོགས་ཁུན་མིང་དུ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་28ཉིན།ཀྲུང་གུང་ཁུན་མིང་ཧྲི་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་།ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་།ཀྲུང་གུང་ཁུན་མིང་ཧྲི་ཨུའི་དྲིལ་བསྒྲགས་པུའུ།ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ།ཁུན་མིང་གྲོང་ཁྱེར་རིག་གནས་བརྒྱངས་བསྒྲགས་བརྙན་འཕྲིན་ལུས་རྩལ་ཅུས།བདེ་ཆེན་ཁུལ་རིག་གནས་བརྒྱངས་བསྒྲགས་དང་གསར་འགྱུར་པར་སྐྲུན་པར་དབང་ཅུས་བཅས་ཀྱིས་སྒྲུབ་འགན་འཁུར་ལེན་བྱས་པ།བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ།བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པ།ཁུན་མིང་ཟློས་གར་ཚོགས་པ་བཅས་ཀྱིས་གཞོགས་འདེགས་བྱས་པའི་བདེ་ཆེན་གྱི་མི་རིགས་གླུ་གར་སེམས་ཀྱི་ཉི་ཟླའི་སྨོན་འདུན་ཞེས་པའི་ཆེད་འཁྲབ་མཚན་ཚོགས་ཁུན་མིང་དུ་བསྡུས་པ་རེད།


      ཐེངས་འདིའི་ཆེད་འཁྲབ་མཚན་ཚོགས་ཐོག བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པས་ཕུལ་བྱུང་ཅན་གྱི་གླུ་གར་འཁྲབ་སྟོན་བྱས་ནས།སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་རིག་རྩལ་བསྟན་པ་དང་།བདེ་ཆེན་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་སྐབས་སུ་ཉེ།ཕྱི་ཕྱོགས་ལ་བདེ་ཆེན་གྱི་བདེ་སྡོད་ལས་བརྩོན་དང་།འགན་སྲུང་ཕན་ནུས་ལྡན་པ།ཁྱིམ་གཞིས་མཛེས་པ།མི་རིགས་མཐུན་སྒྲིལ།ཤེས་རིག་འཆམ་མཐུན་བཅས་ལྡན་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་སྣང་བརྙན་ཞིག་བསྟན་པ་དང་།སྔར་ལས་ལྷག་པར་བདེ་ཆེན་དང་ཁུན་མིང་བར་གྱི་མཉམ་ལས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བ་རེད།


      ཀྲུང་གུང་ཁུན་མིང་ཧྲི་ཨུའི་རྒྱུན་ཨུ།ཧྲི་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅིན་ཡིའུ་ཧོ་ཡིས་ཤིས་ཚིག་གནང་བ།ཁོང་གིས་ཐེངས་འདིའི་བྱེད་སྒོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།ཁུན་མིང་དང་བདེ་ཆེན་བར་གྱི་རིག་གནས་ཡུལ་སྐོར་གྱི་མཉམ་ལས་གཏོང་ཟབ་བྱེད་པར་སྐུལ་འདེད་གཏོང་བ།ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་དང་ཤེས་རིག་འཆམ་མཐུན་གྱི་སྣང་བརྙན་ལེགས་པོ་འཛུགས་པ།སྔར་ལས་ལྷག་པར་ཁུན་མིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་རིག་གྲོང་ཁྱེར་གྱི་གསར་གཏོད་རོགས་འདེགས་བྱེད་པར་གནད་ཆེའི་དོན་སྙིང་ཡོད་པ་རེད་ཅེས་བཤད་པ་དང་།བདེ་ཆེན་ཁུལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།


      ཀྲུང་གུང་བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་རུང་གིས་གུས་ལེན་ཤིས་ཚིག་གནང་བ།ཁོང་གིས་ཁུན་མིང་ཧྲི་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་བདེ་ཆེན་ཁུལ་ལ་རོགས་སྐྱོར་གནང་བར་དཀའ་དྲིན་ཆེ་ཞུས་པ་དང་།ཐེངས་འདི་དང་འདྲ་བའི་ཐུན་མོང་མ་ཡིན་པའི་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་གླུ་གར་གྱི་མཚན་ཚོགས་ཀྱིས་རྒྱ་ཆེ་བའི་ཁུན་མིང་གྲོང་མི་ལ་ཁྱད་དུ་འཕགས་པའི་ལྟད་མོ་ཞིག་བསྟན་ཐུབ་རྒྱུའི་རེ་བ་ཞུས་པ་དང་།མིག་སྔར་ཁུན་མིང་གྲོང་ཁྱེར་གྱིས་སྟོབས་ཤུགས་གང་ཡོད་ཀྱིས་རྒྱལ་ཡོངས་ཀྱི་ཤེས་རིག་གྲོང་ཁྱེར་གསར་གཏོད་བྱེད་པར་རྟེན་འབྲེལ་ཞུས་པ་རེད།


      མཚན་ཚོགས་ཀྱིས་སེམས་ཀྱི་ཉི་ཟླར་སླེབས་པ་དང་སེམས་ཀྱི་ཉི་ཟླ་ལ་ཉམས་སུ་མྱོང་བ།རྣམ་པ་བཀྲ་བའི་སེམས་ཀྱི་ཉི་ཟླ་ཞེས་པའི་བརྗོད་བྱ་གཙོ་བོ་གསུམ་གྱི་འཁྲན་ཚན་13གྱིས་ཐུན་མོང་མ་ཡིན་པའི་དམངས་སྲོལ་དང་ཁྱད་ཆོས་ལྡན་པའི་གོམས་གཤིས།ཕུན་བྱུང་ཅན་གྱི་སྐོར་བྲོ་དང་གཞས་སོགས་འཁྲབ་སྟོན་བྱས་པས།ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཐོབ་པ་རེད།(སྒྲོལ་མ་གཡང་མཚོས་བསྒྱུར།)