ཕྲུ་གུ་ཚ་བ་རྒྱས་ན་ལྐུགས་པ་ཆགས་སྲིད་དམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-31   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

        ཕྲུ་གུ་ཚ་བ་རྒྱས་སྐབས་གཟུགས་པོ་བདེ་པོ་མེད་པ་མ་ཟད།ཁྱིམ་བདག་ལའང་སེམས་ཁྲལ་དང་དངངས་སྐྲག་ཆེན་པོ་ཡོང་སྲིད།ཡིན་ནའང་ཚ་བ་མཐོ་པོ་རྒྱས་ན་ལྐུགས་པ་ཆགས་སྲིད་ཅེས་པའི་ཤོད་སྲོལ་དེ་ཚན་རིག་དང་མི་མཐུན་པ་ཞིག་རེད།ཚ་བ་རྒྱས་པ་ནི་ནད་རྟགས་ཤིག་ཡིན་པ་ལས་རྒྱུ་རྐྱེན་ཁོངས་སུ་མི་གཏོགས། ནད་གཞི་ཕོག་པའི་རྒྱུ་རྐྱེན་མེད་ན་ཚ་བ་རྒྱས་མི་སྲིད། ཚ་བ་མཐོ་པོ་རྒྱས་ན་ཀླད་པར་སྐྱོན་རྒྱག་སྲིད་པའི་རྒྱུ་རྐྱེན་འབའ་ཞིག་ནི་ཚ་བ་རྒྱས་ཚད་མཐོ་དྲགས་ནས་དྲན་པ་ཐོར་བ་དེ་རེད།ཚ་བ་རྒྱས་ཚད་མཐོ་དྲགས་ནས་དྲན་པ་ཐོར་རྒྱུ་སྔོན་འགོག་བྱས་ཚེ་ཀླད་པར་སྐྱོན་ཕོག་མི་སྲིད།གལ་ཏེ་ཀླད་པའི་གཉན་ཚད་ལས་ཀླད་པར་སྐྱོན་ཕོག་ཚེ་དེ་ནི་ཚ་བ་རྒྱས་པ་ལས་བྱུང་བ་ཞིག་མིན་པར་ཀླད་པར་ནད་དུག་ཕོག་པ་ལས་བྱུང་བ་ཞིག་རེད།