《གངས་རིན་པོ་ཆེ་》ཀུན་ལས་ཁྱད་དུ་འཕགས་པའི་རྒྱུ་མཚན་གང་ཡིན་ནམ།

རྩོམ་པ་པོ།   མི་གསལ།དུས་ཚོད།   2017-07-26   རྩོམ་ཁུངས།    མི་དམངས་དྲ་བ།



    ཉེ་ཆར།ཀྲང་དབྱང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་《གངས་རིན་པོ་ཆེ་》གློག་བརྙན་ཀུན་ལས་ཁྱད་དུ་འཕགས་ཤིང་། ཉེ་དུས་རང་རྒྱལ་ནས་ཐོན་པའི་རིག་རྩལ་གློག་བརྙན་གྱི་པ་སེ་བཙོངས་གྲངས་ཟིན་ཐོ་གསར་པ་བཏོད་པ་རེད།ཟླ་7ཚེས་20ཉིན་གྱི་བར་དུ་གློག་བརྙན་འདིའི་ཕྱོགས་བསྡུས་ཀྱི་པ་སེ་བཙོངས་གྲངས་སྒོར་ཁྲི་9713ཟིན་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།《གངས་རིན་པོ་ཆེ་》གློག་བརྙན་གཏོང་བའི་དུས་ཚོད་ནི་ཟླ་8ཚེས་20ཉིན་བར་བསྲིངས་པ་དང་།ཡུན་རིང་རྒྱུན་མཐུད་ངང་གཏོང་རྒྱུ་ཡིན་པས།མཐའ་མཇུག་ཏུ་པ་སེ་བཙོངས་གྲངས་སྒོར་དུང་ཕྱུར་1ལས་བརྒལ་སྲིད་རྒྱུ་རེད།རིག་རྩལ་གློག་བརྙན་ནི་ནམ་རྒྱུན་དུ་བརྗོད་གཞི་གཙོ་བོའི་དོན་གཏིང་ཟབ་ཞིང་།དོན་བརྗོད་གཟབ་ནན་ཆེ་བས།ལྟད་མོ་བ་བལྟོས་བཅས་ཀྱིས་ཅུང་ཉུང་བ་རེད།རང་རྒྱལ་ནས་ཐོན་པའི་རིག་རྩལ་གློག་བརྙན་ཕུལ་བྱུང་ཡིན་ནའང་གློག་བརྙན་པ་སེ་བཙོངས་གྲངས་ཁྲི་སྟོང་ལས་བརྒལ་དཀའ་བ་རེད། 《གངས་རིན་པོ་ཆེ་》ཡིས་རང་རྒྱལ་ནས་ཐོན་པའི་རིག་རྩལ་གློག་བརྙན་ལ་ལ་རྒྱ་རྩོད་པ་རེད།

    《གངས་རིན་པོ་ཆེ་》འདི་འདྲ་ཁྱད་དུ་འཕགས་པའི་རྒྱུ་མཚན་གང་ཡིན།སྨྱན་སྦྱོར་ལས་ཁུངས་ཁ་ཤས་ཀྱིས་གཤམ་འོག་གི་རྒྱུ་མཚན་གྱི་རྐྱེན་གྱིས་ཡིན་པ་སྟེ།དང་པོ།གློག་བརྙན་འདི་ནི་ལྷག་བསམ་རྣམ་དག་གི་བརྩམས་ཆོས་ཤིག་ཡིན་ཞིང་།འདིའི་ནང་དུ་ཕྲུ་གུ་སྐྱེ་ལ་ཉེ་བའི་སྦྲུམ་མ་དང་།དབུལ་ཞིང་ཕོངས་པའི་བཤན་པ།ལྷན་སྐྱེས་དབང་པོ་སྐྱོན་ཅན་ཡིན་པའི་གཞོན་ནུ་སོགས་ཕུ་ལ་གྲོང་ཚོའི་གྲོང་མི་11གིས་དུས་ཡུན་ལོ་གཅིག་གི་རིང་ལ་ལམ་ཐག་སྤྱི་ལེ་2500ཡོད་པའི་གནས་མཇལ་བར་འགྲོ་བའི་ལམ་བར་གྱི་གནས་ཚུལ་དངོས་ཟིན་ཐོ་བཀོད་པ་རེད།གློག་བརྙན་ཧྲིལ་པོའི་ནང་གི་མི་སྣ་ཚང་མ་སྐྱེ་ཁུངས་ཆེད་ལས་འཁྲབ་སྟོན་པ་མ་ཡིན་པའི་ས་གནས་དེ་གའི་མི་རྣམས་ཀྱིས་ཇི་མ་ཇི་བཞིན་དུ་འཁྲབ་སྟོན་བྱས་པ་དང་།བསྔགས་བརྗོད་ལ་བརྟེན་ནས་ཁྲོམ་རར་རི་ལྟར་ཀེ་རེར་བརྟན་པོ་ལངས་པ་རེད།

    གཉིས་པ།གློག་བརྙན་གྱིས་མི་རྣམས་ལ་བསམ་བློ་གཏིང་ཟབ་པོ་གཏོང་དུ་འཇུག་གི་ཡོད་པ་རེད།གློག་བརྙན་ནང་གི་གཡོ་ལྷད་མེད་པའི་གནས་མཇལ་བ་ཚོ་བརྐྱངས་ཕྱག་འཚལ་ནས་གནས་མཇལ་བའི་ལམ་དུ་བསྐྱོད་དེ་རང་ཉིད་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཡང་གསོལ་ཞུས་པ་རེད།ང་ཚོས་མི་མང་ཆེ་བས་དེང་རབས་ཅན་གྱི་འཕེལ་རྒྱས་ཆེན་པོ་འགྲོ་བའི་འཚོ་བ་སྐྱེལ་བཞིན་ཡོད་མོད།ཡིན་ནའང་རིག་གནས་གཞན་པ་ཞིག་ཡོད་པ་སྟེ།འདོད་རྔམ་ཚད་མེད་ཡོད་ཅིང་།བྱ་བ་ཡོད་ཚད་དངུལ་གྱི་ཆེད་དུ་འབད་འབུངས་བྱེད་ཀྱི་ཡོད་པ་རེད།ཡིན་ན་ཡང་གནས་མཇལ་བ་འདི་ཚོ་ནི་སྔར་བཞིན་ཁོང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་བསྲུང་བྱར་བརྩི་སྲུང་བྱས་ཏེ་ལྷད་མེད་ཅིང་སྟབས་བདེ་བའི་བྱ་བ་སྒྲུབ་བཞིན་ཡོད་པ་རེད།ང་ཚོས་མི་ཚེ་གཅིག་གི་ནང་དུ་གང་ཞིག་བརྩོན་གཉེར་བྱས་པ་ཡིན་ནམ།དད་གུས་ཆེན་པོ་བཅངས་པའི་དད་ལྡན་པ་འདི་ཚོས་མི་རྣམས་ལ་བསམ་བློ་གཏིང་ཟབ་པོ་གཏོང་དུ་འཇུག་གི་ཡོད་པ་རེད།

    གསུམ་པ།གནས་ཚུལ་ཞིབ་ཕྲ་ཡིས་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པ།གློག་བརྙན་འདིའི་ནང་དུ་འཁྲབ་ཚན་མང་པོར་གནས་མཇལ་བ་ཚོའི་ནམ་རྒྱུན་གྱི་ལས་ཀ་སྟེ།ཕྱག་འཚལ་བ་དང་།ཁ་འདོན་བྱེད་པ།གསོལ་བ་འདེབས་པ་སོགས་ཀྱི་པར་བླངས་ཡོད་པ་མ་ཟད།ད་དུང་མི་རྣམས་ལ་བག་ཆགས་གཏིང་ཟབ་པོ་བཞག་པའི་གནས་ཚུལ་འབོར་ཆེན་དཔེར་ན།གནས་མཇལ་བས་ཕྱི་གོས་ཕུད་ནས་ཆུའི་ནང་མུ་མཐུད་བརྐྱངས་ཕྱག་འཚལ་བ་དང་།ལམ་བར་དུ་ངོ་མི་ཤེས་མཁན་ཚོས་མགྲོན་འབོད་སྣེ་ལེན་སེམས་རྩ་འཁོལ་པོ་བྱས་པ།དུད་ཁྲོད་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པའི་བྱ་རྒོད།མགྲོན་ཁང་གི་བདག་མོས་ཁང་རིན་མ་བླངས་པར་གནས་མཇལ་བ་ཚོར་ཁོང་མོའི་ཚབ་ཏུ་བརྐྱངས་ཕྱག་ཁྲི་བཅུ་འཚལ་རོགས་ཞུས་པ།རླངས་འཁོར་ལ་བྱུར་སྐྱོན་བྱུང་རྗེས་གནས་མཇལ་བ་ཚོས་ཕ་རོལ་པོ་ནི་སེམས་འཚབ་སྟེ་རྨས་མ་སྨན་ཁང་དུ་བསྐྱལ་དགོས་བསམ་པ་ཤེས་པས།སེམས་འཛིན་མི་བྱེད་པར་འདྲུད་འཐེན་གྱི་འཁོར་ལོའི་མགོ་བླངས་ཏེ་སྐྱེས་པ་ཚོས་འཁོར་ལུས་འདྲུད་འཐེན་བྱས་ནས་མདུན་དུ་བསྐྱོད་པ་སོགས་ཀྱི་པར་ཡང་བླངས་ཡོད་པ་རེད།གཞན་ཡང་།གློག་བརྙན་གྱི་ནང་དུ་བོད་ཁུལ་གནས་མཆོག་དང་ཡུལ་ལྗོངས་མཛེས་པ་དང་།བོད་ལྗོངས་ནི་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱིས་ནམ་ཡང་བློ་ཁ་ཕྱོགས་པའི་ཡུལ་སྐོར་སྤྲོ་སེམས་གནས་མཆོག་དང་ནང་བསྟན་གནས་མཆོག་ཡིན་པ་ངོམ་སྟོན་བྱས་ནས་གནམ་འོག་མི་ཡོངས་ཀྱི་བློ་ཡིད་འགུགས་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་པ་ལྟར་འགྲོ་མྱོང་མཁན་ཚོ་སླར་ཡང་འགྲོ་སྙིང་འདོད་པ་དང་།ནམ་ཡིན་ཡང་མི་འབོར་ཧ་ཅང་མང་པོའི་མིག་དབང་ཅིག་ཅར་དུ་འཕྲོག་བཞིན་ཡོད་པ་རེད།

    《གངས་རིན་པོ་ཆེ་》ནི་སྣང་ཚུལ་རིམ་པའི་རིག་རྩལ་གློག་བརྙན་ཞིག་ཏུ་གྱུར་ཡོད་མོད།འོན་ཀྱང་ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་རའོ་ཧྲུའུ་ཀོང་གིས་གློག་བརྙན་འདིའི་པ་སེ་བཙོངས་གྲངས་ནི་ལྡོག་ཕྱོགས་ནས་དུས་བདེ་གནས་ལེགས་སེམས་མཐུན་བཅས་ཀྱི་མཐུན་རྐྱེན་མང་པོ་གཅིག་ཏུ་འདུས་ཡོད་པས།འདི་ནི་གོ་སྐབས་འཕྲད་ན་ཐོབ་ཅིང་གོ་སྐབས་མེད་ན་ཨུ་ཚུགས་བྱས་ཀྱང་ཐོབ་དཀའ་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།ཁོང་གིས་རིག་རྩལ་གློག་བརྙན་གྱི་དཔྱིད་ཀ་དངོས་འབྲེལ་སླེབས་པར་ང་ཚོས་ད་དུང་ལས་ཀ་སྔར་ལས་མང་བ་བྱ་དགོས་ཞེས་བརྗོད་པ་རེད།