ཡུན་ནན་དང་སི་ཁྲོན།བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱི་ཀྲུང་གོའི་ཕུགས་འདུན།སྨན་རིའི་བརྩེ་བ་ཞེས་པའི་མི་རིགས་ཐང་ཆེན་ལུས་རྩལ་ཞབས་བྲོ་འགྲན་བསྡུར་འཇོལ་རྫོང་ནས་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-10   རྩོམ་ཁུངས།   

             











               ཟླ7པའི་ཚེས1ཉིན།འཇོལ་རྫོང་གིས་གཟབ་རྒྱས་ངང་ནས་ཁུལ་སྟོན་བསུ་བའི་རིག་རྩལ་བྱེད་སྒོ་སྟེ།འཇོལ་རྫོང་གིས་ཏང་བཙུགས་ནས་ལོ་འཁོར96ལོན་པར་རྟེན་འབྲེལ་ཞུ་བ་དང་།སྐབས་ཐོག་མའི་ཡུན་ནན་དང་སི་ཁྲོན།བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱི་ཀྲུང་གོའི་ཕུགས་འདུན།སྨན་རིའི་བརྩེ་བ་ཞེས་པའི་མི་རིགས་ཐང་ཆེན་ལུས་རྩལ་ཞབས་བྲོ་འགྲན་བསྡུར་སྤེལ་ཡོད།  བོད་ལྗོངས་སྨར་ཁམས་རྫོང་དང་།  སི་ཁྲོན་སྡེ་རོང་རྫོང་།   ས་དམ་གྲོང་ཁྱེར་དང་རང་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར།  འབའ་ལུང་རྫོང་།   འཇོལ་རྫོང་བཅས་ནས་ཐོན་པའི་འཐུས་ཚབ་རུ་ཁག6ཐེངས་འདིའི་མི་རིགས་ཐང་ཆེན་ཞབས་བྲོ་དང་།   མི་རིགས་ལུས་རྩལ་ལུས་སྦྱོང་གི་རྣམ་གྲངས་གཉིས་པོའི་ནང་ཞུགས་ཡོད།   

བྱེད་སྒོ་འདི་ནི་ཡུན་ནན་ཞིང་ཆེན་ཞབས་བྲོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་།  འཇོལ་རྫོང་གིས་སྒྲུབ་འགན་ཁས་ལེན་གནང་ཡོད།    འགྲན་བསྡུར་ལེ་ཚན་ནང་བོད་དང་འཇང་།  ལི་སུའུ་བཅས་མི་རིགས་མང་པོའི་ཞབས་བྲོ་ཡོད་པ་དང་།  མི་རིགས་སོའི་ཞབས་བྲོའི་རིག་གནས་དེ་ལུས་རྩལ་ལུས་སྦྱོང་གི་ནང་སྙིང་ཁྲོད་དུའང་ཁྱབ་ནས་ཉམས་དགའ་བའི་རྣམ་པ་གསར་བ་ཞིག་ཆགས་ཡོད་པ་རེད།   དུས་ཚོད་གཉིས་རིང་གི་སྤྲོ་སྣང་ལྡན་པའི་འཁྲབ་སྟོན་དང་།  དཔྱད་འདེམས་པ་དག་གིས་ནན་ཏན་གྱིས་སྐར་གྲངས་རྒྱབ་པའི་མཐར།   སྨར་ཁམས་རྫོང་གི་འཐུབ་ཚབ་རུ་ཁག་ལ་མི་རིགས་ཐང་ཆེན་ཞབས་བྲོའི་ཨང་དང་པོ་ཐོབ་པ་དང་།  འཇོལ་རྫོང་གི་འཐུབ་ཚབ་རུ་ཁག་ལ་མི་རིགས་ལུས་རྩལ་ལུས་སྦྱོང་གི་ཨང་དང་པོ་ཐོབ་པ་རེད།