ཇ་ཆང་། ཚྭ། མངར་ཆ་བཅས་དང་རྒན་རྒོན་གྱི་བདེ་ཐང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

        ཇ། ཇ་ལ་སྤྲོ་སྣང་བསྐྱེད་པ་དང་སྙིང་ཤུགས་གསོ་བ།གཅིན་གཏོང་བདེ་བ་སོགས་ཀྱི་ནུས་པ་ལྡན་ལ།ཇ་འཐུང་ན་ངལ་དུབ་སེལ་བ་དང་དྲན་ཤེས་གསོ་ཐུབ་པ་མ་ཟད།ཇ་འཐུང་ན་དལ་བའི་རང་བཞིན་གྱི་མཁལ་ནད་དང་མཆིན་ནད།གློ་བའི་འདུས་འདྲིལ་གཅོང་ནད།ཁྲག་རྩ་སྲ་འགྱུར་སོགས་ལ་ཕན་ནུས་ངེས་ཅན་ཡོད།ཇ་འཐུང་ན་དགེ་མཚན་མང་པོ་ཡོད་ནའང་ཚད་ལས་བརྒལ་བ་འཐུང་རྒྱུ་མེད།ལྷག་པར་དུ་ནད་པ་ལ་ལས་ཇ་འཐུང་ན་གནོད་འཚེ་ཡོད་དེ།དཔེར་ན།དབང་རྩ་ཉམས་པ་དང་འཇུ་བྱེད་མ་ལག་གི་སྨུག་པོའི་ནད་ཕོག་མྱོང་ཡོད་པའི་ནད་པས་ཇ་འཐུང་རྒྱུ་མེད།གཞན་ཡང་ཁྲག་ཤེད་མཐོ་བ་དང་སྙིང་ནད་ཅན་གྱིས་ཀྱང་ཇ་མང་པོ་འཐུང་མི་ཉན་ཏེ། ཇ་འཐུང་ན་སྙིང་འཕར་ཚད་ཇེ་དྲག་དང་སྙིང་འཕར་ཚད་མི་སྙོམ་པའི་གནས་ཚུལ་ཐོན་སྲིད།

       ཆང་། རྒན་རྒོན་ཚོས་རྒུན་འབྲུམ་ཆང་དང་ཤང་པིན་ཆང་།ཡང་ན་སིལ་ཆང་ཉུང་ཙམ་འཐུང་ན་རྩ་དཀར་གསོ་ཞིང་ཁྲག་རྩ་བསང་བ་དང་།དང་ག་ཇེ་ཆེར་འགྲོ་བ།ཟས་འཇུ་བ།ཤུགས་བསྐྱེད་པ་བཅས་ཀྱི་ཕན་ནུས་ཡོད།འོན་ཀྱང་དུས་རྒྱུན་དུ་ཆང་མང་པོ་འཐུང་བའམ་ལྷག་པར་དུ་ཨ་རག་དཀར་པོ་མང་པོ་འཐུང་ན། ནད་གཞི་མི་ཉུང་བ་ཞིག་ཐོན་སྲིད།

       ཚྭ། ཁྲག་ཤེད་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད།སྤྱིར་བཏང་བྱས་ན་རྒན་རྒོན་རྣམས་ཉིན་རེའི་ཚྭ་འདེབས་ཚད་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་།ཉིན་རེར་ལུས་ནང་འཇུག་པའི་ཚྭ་ཁེ་5ལས་བརྒལ་རྒྱུ་མེད་ལ།ཚྭ་རྒྱུ་མང་པོ་འདུས་པའི་ཅང་ཡིའུ་དང་ཚལ་བསྙལ་མ་སོགས་ལ་དེ་བས་ཚོད་འཛིན་བྱེད་དགོས།

       ཀ་ར། ཀ་ར་དང་མངར་ཟས་ཅུང་ཙམ་བཟས་ན་རྒན་རྒོན་གྱི་བདེ་ཐང་ལ་ཕན་ཐོགས་ཡོད་པ་ལས་གནོད་པ་མེད།འོན་ཀྱང་གཅིན་པ་མངར་འགྱུར་གྱི་ནད་ཕོག་ཡོད་པའི་མིར་མངར་ཆ་གཏན་འགོག་བྱེད་དགོས།སྙིང་ནད་ཅན་དང་མི་རྒྱགས་པས་ཀྱང་མངར་ཟས་ཉུང་ཙམ་བཟའ་དགོས།