སྐྱེ་ཁམས་འཛུགས་སྐྲུན་འོག་ཏུ་ཆགས་པའི་ལུང་བཟང་ཡུལ་མི་ཚོ་ཆུང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ལུང་བཟང་ཡུལ་མི་ཚོ་ཆུང་ནི་བདེ་ཆེན་ཁུལ་གྱི་5Aརིམ་པའི་ལྗོངས་ཁུལ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནས་ཆགས་ཡོད་ཅིང་།ཡུལ་མི་རྣམས་ནི་རི་མོ་དང་འདྲ་བའི་ཁོར་ཡུག་ཏུ་གནས་པ་དང་།སྲོན་རྒྱུན་གྱི་ཞིང་ལས་བྱེད་སྟངས་དང་ཕྱུགས་འཚོ་སྟངས་རྒྱུན་འཛིན་བྱེད་ཡོད།

ཡུལ་མི་སྒྲོལ་མས་ལྗོངས་ཁུལ་དུ་གད་སྙིགས་འཐུ་བཞིན།

      བདེ་ཆེན་ཁུལ་གྱི་ཡུལ་སྐོར་ལས་རིགས་ཉིན་བཞིན་འཕེལ་རྒྱས་བྱུང་བར་བསྟུན།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་གནས་པའི་ལུང་བཟང་ཡུལ་མི་ཚོ་ཆུང་གི་ཡུལ་མི་རྣམས་ཀྱིས་ཡུལ་སྐོར་བ་ལ་ཡུལ་ཟས་འཚོང་བ་དང་རྟ་སྐྱ་པའི་ཞབས་ཞུ་འདོན་སྤྲོད་བྱས་ནས།འཚོ་བའི་གྲོན་དངུལ་འཚོལ་བཞིན་ཡོད།

  དུས་ཡུན་རིང་པོར་སོང་རྗེས།གོ་རིམ་མེད་པའི་ཡུལ་སྐོར་དེས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏོད་པ་སྟེ།རྟ་དང་ཡུལ་སྐོར་བ་དང་ཡུལ་མི་རྣམས་ཀྱིས་རྡོག་རྫིས་བརྒྱབ་ནས་རྩྭ་ཐང་ལ་གནོད་སྐྱོན་ཐེབས་ཡོད།


ལུང་བཟང་ཡུལ་མི་ཚོ་ཆུང་།


པོ་ཏ་མཚོའི་ལྗོངས་ཁུལ།

      2006ལོར།སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྲུང་སྐྱོང་སྔོན་ཐོན་བྱེད་པ།དམིགས་བསལ་ཆོག་མཆན་སྤྲད་པའི་བདག་གཉེར་བྱེད་པ།སྡེ་ཁུལ་མཉམ་དར།སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པའི་རྩ་དོན་ལྟར།བདེ་ཆེན་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ལ་ནན་པོའི་སྲུང་སྐྱོང་བྱེད་ཁུལ་དང་སྐྱེ་ཁམས་གསོ་སྐྱོང་ཁུལ།འཁྱམ་རྩེད་དང་ངལ་གསོའི་འགྲེམ་སྟོན་ཁུལ།སྲོལ་རྒྱུན་བེད་སྤྱོད་ཁུལ་བཅས་བགོས་ཡོད་ཅིང་།ས་ཁུལ་སོ་སོའི་མཚམས་ཐིག་ནི་རི་རྩེ་དང་ཆུ་བོ།ལུང་གཞུང་སོགས་རང་བྱུང་གི་དབྱེ་མཚམས་རང་དུ་བྱས་ཡོད་པ་རེད།

      མིག་སྔར།རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་ས་ཁུལ་9ལག་བསྟར་བྱེད་འགོ་ཚུགས་ཡོད།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནི་དེའི་ནང་གི་ཡ་རྒྱལ་ཞིག་ཡིན།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་602.1ཡོད་པ་དང་།སྤྱི་གླིང་འདིའི་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ལ་ཉེ་བ་ཡོད་པ་རེད།ས་གཤིས་དང་ས་དབྱིབས།མཚེའུ་འདམ་ར།ནགས་ཚལ་དང་སྤང་ཐང་།ལུང་གཞུང་དང་ཆུ་བོ།མཐོང་བར་དཀོན་པའི་སྲོག་ཆགས་དང་སྐྱེ་དངོས་སོགས་ཡོད་ཅིང་།གདོད་མའི་སྐྱེ་ཁམས་ཁོར་ཡུག་བདག་ཚགས་ལེགས་པོ་བྱས་ཡོད།

      སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་དང་རྩྭ་ཐང་སྲུང་སྐྱོང་བྱེད་ཐུབ་ཆེད།ལུང་བཟང་ཡུལ་མི་ཚོ་ཆུང་གི་ཡུལ་མི་རྣམས་ཀྱིས་ཡུལ་སྐོར་བ་ལ་རྟ་སྐྱ་པ་དང་ཡུལ་ཟས་འཚོང་བའི་ཞབས་ཞུ་འདོན་སྤྲོད་བྱེད་མེད་པ་དང་།སྤྱི་གླིང་གིས་ཡུལ་མི་རྣམས་ལ་ཁ་གསབ་གནང་བ་རེད།སྤྱི་གླིང་སྡེ་ཁུལ་གྱི་ཁེ་ཕན་ཁ་གསབ་ཀྱི་གན་རྒྱ་ལྟར།འབོར་ཐེངས་དང་པོར་སྤྱི་གླིང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་1000ཟིན་ཡོད་པ་དང་།ད་ལྟར་ལོ་རེའི་ཁ་གསབ་རོགས་དངུལ་སྒོར་ཁྲི་2000ཟིན་ཡོད།ཁ་གསབ་རོགས་དངུལ་ལས་གཞན།ཁུལ་ཡུལ་སྐོར་འཕེལ་རྒྱས་ཚོགས་ཁག་ཚད་ཡོད་ཀུང་སིའི་པོ་ཏ་མཚོ་ཡུལ་སྐོར་ལས་རིགས་ཀྱི་ཡན་ལག་ཀུང་སིས་སྤྱི་གླིང་དུ་གནས་པའི་ཡུལ་མི་སྔོན་ལ་གདན་འདྲེན་ཞུས་པ་མ་ཟད།འབྲེལ་ཡོད་ཀྱི་རོགས་སྐྱོར་ལག་བསྟར་བྱས་ཡོད།

      སྤྱི་གླིང་གིས་ཁ་གསབ་དེ་འདྲ་བླངས་ཐུབ་པ་ལས་གཞན།སྤྱི་གླིང་ནང་ལས་ཀ་སྒྲུབ་པའི་གླ་ཕོགས་གསོག་པས།དུས་ཡུན་ཐུང་ཐུང་ལོ་འགའི་ནང་དུ་ལུང་བཟང་ཡུལ་མི་ཚོ་ཆུང་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་འདུགསྤྱི་གླིང་གི་ཁོར་ཡུག་ཇེ་ལེགས་བྱུང་བ་དང་།ཡུལ་མི་རྣམས་ཀྱིས་ཁང་བ་གསར་པའི་ནང་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་བཞག་ཡོད་ཅིང་ཁོ་ཚོའི་འཚོ་བ་ཇེ་ཕྱུག་ཏུ་འགྲོ་བ་རེད།