སློབ་མ་4492འབྲིང་རྒྱུགས་ལ་ཞུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོའི་དམའ་འབྲིང་སྦྱོང་ཚན་ཆུ་ཚད་ཀྱི་རྒྱུགས་སྤྲོད་དུས་ཚོགས་ནི་ཟླ་6པའི་ཚེས་28ནས་ཚེས་30བར་ཡིན།བདེ་ཆེན་ཁུལ་གྱི་དམའ་འབྲིང་སྦྱོང་ཚན་ཆུ་ཚད་རྒྱུགས་སྤྲོད་དུ་ཞུགས་པའི་སློབ་མ་4492ཡོད་ལ།ན་ནིང་ལས་མི་390འཕར་ཡོད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་རྒྱུགས་སྤྲོད་ས་4བཙུགས་(ཁུལ་བོད་ཡིག་སློབ་འབྲིང་དེ་རུ་ཚུད་ཡོད)ཡོད་པ་དང་རྒྱུགས་ལེན་སློབ་མ་2351ཡོད།འབའ་ལུང་རྫོང་དུ་རྒྱུགས་སྤྲོད་ས་3བཙུགས་ཡོད་པ་དང་།རྒྱུགས་ལེན་སློབ་མ་1705ཡོད།འཇོལ་རྫོང་དུ་རྒྱུགས་སྤྲོད་ས་1བཙུགས་ཡོད་པ་དང་།རྒྱུགས་ལེན་སློབ་མ་436ཡོད་པ་རེད།

        དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཚད་ལོན་རྒྱུགས་སྤྲོད་ཀྱི་མཐོ་རིམ་སློབ་འབྲིང་གི་བསྡུ་ལེན་སྐར་གྲངས་ཡོངས་རྫོགས་ནི་སྐར་གྲངས་600ཡིན།རྒྱུགས་སྤྲོད་ཀྱི་སྦྱང་ཚན་ནི་ཁག་13ཡོད་པ་དང་།རྒྱའི་སྐད་ཡིག་དང་།རྩིས་རིག དབྱིན་ཡིག་སོ་སོར་སྐར་གྲངས་120ཡོད་ལ།དངོས་ལུགས་རིག་པ་ལ་སྐར་གྲངས་80དང་རྫས་འགྱུར་རིག་པ་ལ་སྐར་གྲངས་50་དང་།བསམ་པའི་ཀུན་སྤྱོད་དང་སྐྱེ་དངོས་རིག་པ།ལོ་རྒྱུས།ས་ཁམས་རིག་པ།བརྡ་འཕྲིན་ལག་རྩལ་སོ་སོར་སྐར་གྲངས་10ཡིན་ལ།ལུས་རྩལ་ལ་སྐར་གྲངས་50ཡོད།རོལ་དབྱངས་དང་མཛེས་རྩལ་སོ་སོར་སྐར་གྲངས་5ཡོད།དེའི་ནང་ལས།རོལ་དབྱངས་དང་མཛེས་རྩལ་ནི་སློབ་གྲྭའི་རྒྱུགས་སྤྲོད་སྦྱང་ཚན་དུ་བྱས་ཡོད་པ་དང་དེ་མིན་ཀུན་ནི་གཅིག་གྱུར་གྱི་རྒྱུགས་སྤྲོད་སྦྱང་ཚན་ཡིན་པ་རེད།


 


རྒྱུགས་སྤྲོད་སློབ་མ།

 

    ད་ལོར་ཁུལ་ཡོངས་ཀྱི་མཐོ་འབྲིང་དང་ལས་རིགས་སློབ་གླིང་གིས་སློབ་མ་3380བསྡུ་བའི་འཆར་གཞི་བཀོད་ཡོད།མཐོ་འབྲིང་ལ་སློབ་མ་2300བསྡུ་བའི་འཆར་གཞི་བཀོད་ཡོད།དེའི་ནང་ནས་ཁུལ་མི་རིགས་སློབ་འབྲིང་གིས་སློབ་མ་1000བསྡུ་རྒྱུ་དང་།ཁུལ་བོད་ཡིག་སློབ་འབྲིང་གིས་སློབ་མ་400རང་སློབ་གྲྭའི་དམའ་འབྲིང་སློབ་མ་80%བཟུང་རྒྱུ།ཁུལ་སེམས་ཀྱི་ཉི་ཟླ་སློབ་འབྲིང་གིས་སློབ་མ་800བསྡུ་རྒྱུ་རེད།འབའ་ལུང་རྫོང་གིས་སློབ་མ་100བསྡུ་རྒྱུ་ཡིན་པ།

བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་།

      ཡུན་ནན་མི་རིགས་སློབ་ཆེན་གྱི་སེམས་ཀྱི་ཉི་ཟླའི་ལས་རིགས་སློབ་གླིང་གིས་མཐོ་འབྲིང་སློབ་ཐོན་སློབ་མའི་ལོ་གསུམ་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་གི་སློབ་མ་100བསྡུ་རྒྱུ་ཡིན་ཞིང་།དེའི་ནང་ལས།དྲུང་ཡིག་དང་ཡུལ་སྐོར་སྣེ་ཤན་ཆེད་ལས་ཀྱིས་སོ་སོར་སློབ་མ་50བསྡུ་རྒྱུ་ཡིན་པ།བདེ་ཆེན་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭས་སློབ་དུས་འདིའི་སློབ་ཐོན་དམའ་འབྲིང་དང་སྐབས་སྔོན་མའི་སློབ་ཐོན་དམའ་འབྲིང་སློབ་ཐོན་སློབ་མ་500བསྡུ་རྒྱུ་ཡིན་པ།དེའི་ནང་ལས།ལོ་གསུམ་ལམ་ལུགས་ཀྱི་འབྲིང་རིམ་ཆེད་ལས་ནད་གཡོགས་མི་50་དང་གྲོང་གསེབ་གསོ་རིག་མི་100་དང་།རླངས་འཁོར་བེད་སྤྱོད་དང་ཉམས་གསོ་མི་100་དང་་།ཡུལ་སྐོར་ཞབས་འདེགས་དང་དོ་དམ་མི་100དང་།ཀྲུང་ལུགས་གཡོལ་སྦྱོར་དང་འཚོ་བཅུད་བཟའ་བཅའ་མི་100དང་།སློབ་ན་མ་སོན་གོང་གི་སློབ་གསོ་མི་50་བཅས་བསྡྭུ་རྒྱུ་རེད།ལོ་ལྔའི་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་གིས་སློབ་དུས་འདིའི་དམའ་འབྲིང་སློབ་ཐོན་སློབ་མ་480བསྡུ་རྒྱུ་ཡིན་ཞིང་།དེའི་ནས་ལས།ས་དམ་དགེ་ཐོན་ཆེད་སྦྱོང་སློབ་ཆེན་དང་མཉམ་གཉེར་བྱེད་པའི་སློབ་ན་མ་སོན་གོང་གི་སློབ་གསོ་མི་50་དང་སློབ་ཆུང་སློབ་གསོ་མི་50་བསྡུ་རྒྱུ་དང་།པའོ་ཧྲན་ཀྲུང་ལུགས་གསོ་རིག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་མཉམ་གཉེར་བྱེད་པའི་ནད་གཡོགས་ཆེད་ལས་མི་100བསྡུ་རྒྱུ།ཏ་ལིའི་ཞིང་ལས་ལས་རིགས་སློབ་གླིང་དང་མཉམ་གཉེར་བྱེད་པའི་ནགས་ལས་ལག་རྩལ་མི་50་དང་།ནོར་དོན་དོ་དམ་མི་50་དང་།ལོ་ཏོག་ཐོན་སྐྱེད་ལག་རྩལ་མི་50་དང་།ཕྱུགས་བཅོས་སྨན་པ་མི་50བསྡུ་རྒྱུ།ཏན་ནུབ་ཚན་རྩལ་དགེ་ཐོན་སློབ་གླིང་དང་མཉམ་གཉེར་བྱེད་པའི་རོལ་དབྱངས་སློབ་གསོ་མི་40་དང་མཛེས་རྩལ་སློབ་གསོ་མི་40བསྡུ་རྒྱུ་ཡིན་པ་རེད།