སི་ཁྲོན་གྱིས་ཚེ་སྲོག་མྱུར་སྐྱོབ་ཀྱི་ལས་ཀ་འོས་འགན་ཨང་དང་པོར་བརྩིས་པ།

རྩོམ་པ་པོ།   ཚེ་དཔལ།   ཡིག་བསྒྱུར།       དུས་ཚོད།   2017-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

  སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི“6·24”ཡི་རི་ཉིལ་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་དང་རྗེས་འཇུག་བཀོད་སྒྲིག་ལས་དོན་མིག་སྔར་སྤེལ་བཞིན་ཡོད། གནོད་འཚེ་ལས་མི་93ལ་འབྲེལ་བ་ཆད་པ་དང་མི་3སྨན་ཁང་དུ་ལུས་ཡོད། རྨས་མ་སྲོག་སྐྱོབ་དང་། ནང་མིར་སེམས་གསོ། རྗེས་འཇུག་བཀོད་སྒྲིག གནོད་འཚེ་བྱུང་རྐྱེན་ལ་བརྟག་ཞིབ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པ་དང་ཛ་དྲག་ངང་སྤེལ་བཞིན་ཡོད། གསར་འགོད་པས་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་འཚོགས་པའི་གསར་འགྱུར་བརྡ་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། དེ་སྔ་ཡོངས་བསྒྲགས་བྱས་པའི་འབྲེལ་ཆད་མི་སྣ་118ནང་མི་15བདེ་འཇགས་ཡིན་པ་གཏན་འཁེལ་བྱུང་། 



        ཟླ6ཚེས25ཉིན་གྱི་སྔ་དྲོར། སི་ཁྲོན་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་སླར་ཡང་ཚོགས་འདུ་འཚོགས་ཏེ་གོམ་སྟབས་རྗེས་མའི་ཉེན་སེལ་རྒུད་སྐྱོབ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས། “ནུས་ཤུགས་ཡོད་རྒུས་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩི་དགོས”ཞེས་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་མིང་གིས་སྐད་ཤུགས་ཆེན་པོས་བཤད། མའོ་རྫོང་དུ་རི་ཉིལ་བའི་གནོད་འཚེ་བྱུང་རྗེས་སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་བཀོད་སྒྲིག་གཞིར་བཟུང་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ། 
        གནོད་འཚེ་ཐོན་རྗེས་རྔ་པ་ཁུལ་གྱི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་འཕྲལ་མར་རོགས་སྐྱོབ་བྱེད་འགོ་ཚུགས་ཡོད། “དུས་ཚོད་ཀྱིས་མིར་སྒུག་མི་སྲིད། མི་གཅིག་མང་ན་སྟོབས་ཤུགས་དེ་བས་ཆེ”ཁྲོ་ཆུ་རྫོང་ཏེ་ཤེ་གྲོང་རྡལ་དང་བར་ཐག་སྤྱི་ལེ་100ལྷག་ཙམ་ཡོད་པས་ཐག་ཉེ་ཤོས་ཀྱི་རྫོང་གྲོང་རེད། རྫོང་དྲག་ཆས་པུའི་ཆབ་སྲིད་ཨུ་ཡོན་ལེང་ཅེ་ཅུན་ལ་གེགས་སེལ་བཀའ་རྒྱ་འབྱོར་མ་ཐག དེ་མ་ཉིད་དུ་ཡུལ་དམག་70ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་བྱུང་ཡུལ་དུ་བསྐྱོད། གནོད་འཚེ་བྱུང་ཡུལ་དུ་སླེབས་རྗེས་ཡུལ་དམག་དཔུང་ཁག་གིས་ཚོགས་ཆུང་བགོས་ནས་སྒྲིག་ལམ་གྱི་འགན་ཁུར་བ་དང་དངོས་ཟོག་འབེབས་རོགས་བྱས། “གནོད་འཚེ་ནི་བཀའ་རྒྱ་ལྟ་བུ་ཡིན་པས། དཀའ་སྡུག་ཇི་འདྲ་ཡོད་རུང་ཕྱིར་འཐེན་བྱ་མི་རུང”ཞེས་ལེང་ཅེ་ཅུན་གྱིས་བཤད། 
   “ཡོ་བྱད་ནས་བརྡ་རྟགས་མངོན་གྱི་འདུག སྲོག་རྒྱུན་ཡོད་པ་འདྲ”ཚེས་25ཉིན་གྱི་ཉིན་གོང་བར་སྲོག་རྒྱུན་འཚོལ་ཆས་མང་པོ་སྤྲད་པའི་དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་དང་པོས་རོགས་སྐྱོབ་བྱ་ཡུལ་དུ་ཆུ་ཚོ