པོ་ཏ་མཚོའི་རི་སྐྱེས་མེ་ཏོག་པར་རིས་མེ་ལོང་དང་བརྟག་དཔྱད་རྣམ་གྲངས་ཞིབ་བཤེར་རྩིས་ལེན་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


 


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།པོ་ཏ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སུའོ་ཡིས་སྒྲིག་བཟོ་བྱས་པའི་པོ་ཏ་མཚོའི་རི་སྐྱེས་མེ་ཏོག་པར་རིས་མེ་ལོང་དང་མེ་ཏོག་དང་རྩི་ཤིང་གི་བརྟག་དཔྱད་རྣམ་གྲངས་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྣམ་གྲངས་ཞིབ་བཤེར་རྩིས་ལེན་ཚོ་ཆུང་གི་ཞིབ་བཤེར་རྩིས་ལེན་ཐོག་ཁས་བླངས་པ་རེད།


        རྣམ་གྲངས་ཀྱི་ཞིབ་བཤེར་རྩིས་ལེན་ཚོ་ཆུང་གིས་ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་དང་།གནས་ཚུལ་ཞུ་བར་ཉན་པ།འདྲི་རྩད་བྱེད་པ་སོགས་ཀྱི་རྣམ་པའི་སྒོ་ནས་པོ་ཏ་མཚོའི་རི་སྐྱེས་མེ་ཏོག་པར་རིས་མེ་ལོང་དང་མེ་ཏོག་དང་རྩི་ཤིང་གི་བརྟག་དཔྱད་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱས་ཤིང་།ཞིབ་བཤེར་རྩིས་ལེན་ཚོ་ཆུང་གིས་རྣམ་གྲངས་དེ་སྔོན་དཔག་གི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་པ་དང་།རྣམ་གྲངས་ཀྱི་མ་དངུལ་དེ་གཟབ་ནན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ནོར་དོན་དོ་དམ་བྱ་ཐབས་ཀྱི་བེད་སྤྱོད་ཚད་གཞི་ལ་ནན་པོ་གཞིགས་ཏེ།ཆེད་དངུལ་ཆེད་སྤྱོད་བྱས་ཡོད་པ་སྙམ་ཡོད།ཆེད་ལས་མཁས་པའི་ཚོ་ཆུང་གིས་གྲོས་ཞིབ་ནན་ཏན་བྱས་པ་བརྒྱུད།པོ་ཏ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་མེ་ཏོག་མེ་ལོང་གི་རྣམ་གྲངས་དེ་ཞིབ་བཤེར་རྩིས་ལེན་ཐོག་ཁས་བླངས་ཐོབ་པ་རེད།

 


        ཤེས་རྟོགས་བྱུང་བར་གཞིགས་ན།རྣམ་གྲངས་དེས་པོ་ཏ་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་རྒྱུན་མཐོང་གི་མེ་ཏོག་དང་རྩི་ཤིང་ལ་རིགས་དབྱེ་བྱས་པ་དང་།པོ་ཏ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་མེ་ཏོག་གི་པར་རིས་མེ་ལོང་སྒྲིག་བཟོ་བྱས་ནས།སྲུང་སྐྱོང་ཁུལ་ནང་གི་ཐོན་ཁུངས་དོ་དམ་དང་ཡུལ་སྐོར་ཚོང་གཉེར་བྱེད་སྒོ་ལ་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་སྤྲོད་བྱས་པ་དང་།པོ་ཏ་མཚོའི་རི་སྐྱེས་མེ་ཏོག་དང་རྩི་ཤིང་རིགས་ཚོགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པར་རྨང་གཞི་སྤྲོད་ཡོད།བརྟག་དཔྱད་ཐོག་ཁྱོན་བསྡོམས་པོ་ཏ་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་རྒྱུན་མཐོང་གི་མེ་ཏོག་རྩི་ཤིང་རིགས་ཚན་པ་47དང་རིགས་158ལ་ཟིན་ཐོ་བཀོད་ཡོད་ཅིང་།རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་མེ་ཏོག་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་གྲུབ་འབྲས་མཚོན་ཡོད་པ་རེད།