ལི་ཕེ་ཡིས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།

རྩོམ་པ་པོ།   དབྱང་ཡུང་།  ཡིག་བསྒྱུར།       དུས་ཚོད།   2017-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ལན་ཀྲི་མིང་དང་གུའུ་ཁུན་སོགས་ཀྱིས་ཕེབས་རོགས་ཞུས་པ།


 ཟླ་6པའི་ཚེས་12ཉིན་གྱི་ཕྱི་དྲོར།ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཕེ་ཡིས་རུ་ཁག་སྣེ་ཁྲིད་བྱེད་དེ་བདེ་ཆེན་ཁུལ་དུ་ལོ་ན་མ་སོན་པའི་སྲུང་སྐྱོང་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱས་པ།པར་འདི་ནི་ལི་ཕེ་ཡིས་ཁུལ་ཨུའི་ཧྲུའུ་ཅི།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གུའུ་ཁུན་གྱིས་ཕེབས་རོགས་ཞུས་འོག་ཁུལ་བོད་ཡིག་སློབ་འབྲིང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པ།      (དབྱང་ཡུང་གིས་པར་བླངས།)

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་6པའི་ཚེས་12ཉིན་གྱི་ཕྱི་དྲོར།ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཕེ་ཡིས་རུ་ཁག་སྣེ་ཁྲིད་བྱེད་དེ་བདེ་ཆེན་ཁུལ་དུ་ལོ་ན་མ་སོན་པའི་སྲུང་སྐྱོང་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་འབྲེལ།ཁུལ་བོད་ཡིག་སློབ་འབྲིང་དུ་བདེ་ཆེན་ཁུལ་གྱི་འགོ་ཁྲིད་དང་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

      ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ནང་སྲིད་སིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལན་ཀྲི་མིང་དང་།བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གུའུ་ཁུན།ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེན་ལིའུ་ཁོ་ཅེ།ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐིང་རིམ་པ་རྒན་པའི་འགོ་ཁྲིད་ལི་ཚང་ཀོང་སོགས་ཀྱིས་བརྟག་དཔྱད་ཞིབ་འཇུག་ལ་ཕེབས་རོགས་ཞུས་པ་རེད།

      ལི་ཕེ་ཡིས་བཤད་དོན།གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་པ་དང་།མི་རིགས་ཀྱི་རེ་བ་ཡིན་ཞིང་།གཞོན་ནུ་ལོ་ཆུང་གི་བདེ་ཐང་འཚར་ལོངས་ཡོང་བར་ཁག་ཐེག་བྱེད་རྒྱུ་དེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཀྱི་གལ་ཆེའི་ནང་དོན་ཞིག་ཡིན་པ་དང་།རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན།ཉེ་བའི་ལོ་འགའི་རིང་ལ།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་འཁྲིད་འོགབདེ་ཆེན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན།མི་རིགས་མཐུན་སྒྲིལ་གྱི་གནས་བབ་བཟང་པོ་མངོན་པ་དང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གཞི་རིམ་གྱི་སྒྲིག་བཀོད་འཛུགས་སྐྲུན།ཏང་གི་འཛུགས་སྐྱོང་སོགས་ཐད་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ་རེད།ཐེངས་འདིར་བདེ་ཆེན་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་བདེ་ཆེན་གྱིས་ལོ་ན་མ་སོན་པའི་སྲུང་སྐྱོང་དང་གཞོན་ནུ་ལོ་ཆུང་གི་ཉེས་གསོག་སྔོན་འགོག་ལས་ཀའི་ཐད་ཐོབ་པའི་ཉམས་མྱོང་ལ་ཤེས་རྟོགས་བྱེད་པ་དང་།ཐུན་མོང་དུ་ལྷགས་པའི་དོགས་གནད་གསར་པར་ཞིབ་དཔྱད་བྱས་ཏེ།ཡུན་ནན་ཞིང་ཆེན་གྱིས་འདིའི་ཕྱོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པར་ཕན་ཡོད་ཀྱི་ཟུར་ལྟའི་དཔྱད་གཞི་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན།བདེ་ཆེན་གྱི་སློབ་གསོའི་ལས་ཀ་དེ་ཡུན་ནན་ཞིང་ཆེན་དུ་མཚོན་བྱེད་ཀྱི་རང་བཞིན་ལྡན་པས།ཞིང་ཆེན་ཡོངས་ལས་ཆེས་སྔོན་མར་གཅིག་བསྡུས་ཀྱི་སློབ་གཉེར་བྱེད་པའི་ཁུལ་ཞིག་ཡིན་ཞིང་།ཤེས་བྱ་ལ་བརྟེན་ནས་ལས་དབང་འགྱུར་བ་དང་སློབ་གསོ་ལ་བརྟེན་ནས་མི་ཚེ་འགྱུར་བ་ཞེས་པ་ལྟར།དེང་ཕྱིན་གྱི་ལས་ཀའི་ཁྲོད་དུ།བདེ་ཆེན་གྱི་རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས་སློབ་གསོའི་འཕེལ་རྒྱས་ཁྲོད་གནས་པའི་མི་འདང་ས་ལ་དམིགས་ཏེ།མུ་མཐུད་དུ་སློབ་གསོ་དྲང་སྙོམས་ཡོང་རྒྱུ་ཁག་ཐེག་བྱེད་པ་དང་།སློབ་གསོ་ཆ་སྙོམས་ངང་འཕེལ་བར་སྐུལ་འདེད་གཏོང་དགོས།

      ལི་ཕེ་ཡིས་བླང་བྱ་བཏོན་དོན།སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་།ལོ་ན་མ་སོན་པའི་སྲུང་སྐྱོང་དང་གཞོན་ནུ་ལོ་ཆུང་གི་ཉེས་གསོག་སྔོན་འགོག་ལས་ཀ་ཡག་པོ་སྒྲུབ་རྒྱུ་དེ་ས་གནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ནང་དུ་འཇོག་སྟེ་གཅིག་གྱུར་གྱི་བསམ་གཞིགས་བྱེད་དགོས་པ་དང་།མུ་མཐུད་དུ་ཉམས་མྱོང་ཕྱོགས་བསྡུས་དང་འཐུས་ཚང་དུ་གཏོང་བ་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས།

      གྲོས་ཚོགས་ཐོགབདེ་ཆེན་ཁུལ་ཨུའི་རྒྱུན་ཨུ།རྒྱུན་ལས་ཁུལ་དཔོན་གཞོན་པ་ནོར་བུ་ཚེ་རིང་གིས་རང་ཁུལ་གྱི་ཉེ་བའི་ལོ་འགའི་རིང་དུ་ལོ་ན་མ་སོན་པའི་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།དྲུང་ཡིག་ཆེན་མོ་དབྱང་ཅན་ཧྭ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

      བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།