ལྷ་སའི་ཞོ་སྟོན་དུས་ཆེན་ཟླ་8ཚེས་21ཉིན་ནས་ཚེས་27ཉིན་བར་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-15   རྩོམ་ཁུངས།    མི་དམངས་དྲ་བ།


        ཟླ་6ཚེས་12ཉིན་གྱི་ཕྱི་དྲོར་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ནི་ལྷ་ས་གྲོང་ཁྱེར་གྱི་མཚོན་རྟགས་ཤིག་ཡིན་པའི་ཐོག་ནས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་རུ་བཀོད་ཡོད་པ་དང་། སྔ་གཞུག་ཏུ"ཀྲུང་གོའི་དུས་སྟོན་གལ་ཆེན་བཅུ"དང་། "ཀྲུང་གོའི་གྲགས་ཆེ་བའི་དུས་ཆེན་བཅུ"སོགས་ཀྱི་མཚན་སྙན་མང་པོ་ཐོབ་པ་རེད།

        ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན"ཞེས་པའི་སྙན་གྲགས་ཆེ་བའི་མཚན་བྱང་དེ་རྒྱལ་ཕྱི་ནང་དུ་སྐད་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་། རྒྱལ་ནང་གྲངས་ཉུང་མི་རིགས་ཀྱི་དུས་སྟོན་ཁྲོད་དུ་ཨང་དང་པོར་ཟིན་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ལྷ་ས་རུ་ཡུལ་སྐོར་སྤྲོ་འཆམ་དང་ལྷ་ས་རུ་མ་དངུལ་བཞག་ནས་ལས་གཉེར་འཕེལ་རྒྱས་གཏོང་བར་འགུགས་པའི“སྒེའུ་ཁུང་གལ་ཆེན"དུ་འགྱུར་བཞིན་ཡོད་པ་རེད།

        2017ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་ནི་ཟླ་8ཚེས་21ཉིན་ནས་ཚེས་27ཉིན་བར་དུ་ལྷ་ས་རུ་གཏོང་རྒྱུ་ཡིན་པ་རེད།