ཁམས་རྒྱལ་ཐང་གི་མཛེས་སྡུག་གིས་ཡིད་སེམས་དྲངས་པའི་ཡུལ་སྐོར་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཟླ6པའི་ནང་། ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་རི་ཀླུང་ཐང་གསུམ་ལ་སྔོ་ལྗང་གི་མཛེས་སྡུག་གསར་བའི་རྣམ་པ་ཞིག་གིས་ཡོངས་སུ་བརྒྱན་པ་དང་།    སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་མཁན་སྔར་ལས་ཇེ་མང་དུ་གྱུར་ཡོད།  མཛེས་སྡུག་ལྡན་པའི་རྩྭ་ཐང་དང་།   རྡོ་མཁར་རྫོང་བཅས་སུ་ཡུལ་སྐོར་བས་ས་གནས་ཀྱི་རིག་གནས་དང་གོམས་སྲོལ་རོལ་མྱོང་བྱས་ནས་དྲན་རྟེན་གྱི་པར་ལེན་བཞིན་ཡོད།