བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཨེ་ཤེ་ཡ་ཤར་ལྷོ་ས་ཁུལ་གྱི་ཚོང་ཟོག་འགྲེམས་སྟོན་དུ་ཞུགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན །ཟླ6པའི་ཚེས12ཉིན་གྱི་སྔ་དྲོ།2017ལོའིཨེ་ཤ་ཡ་ལྷོ་མ་དང་།ཨེ་ཤ་ཡ་ཤར་ལྷོ་མའི་རྒྱལ་ཁབ་ཀྱི་ཚོང་ཟོག་འགྲེམས་སྟོན་དང་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་ཁུན་མིང་ནས་བསྡུས་པ་དང་།བདེ་ཆེན་ཁུལ་གྱི་སྣེ་འདྲེན་ཁེ་ལས་20ལྷག་ཐེངས་འདིའི་འགྲེམས་སྟོན་དུ་ཞུགས་ནས།མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་སྨན་རྩྭ་དང་ཤ་མོ་རིགས།ཆང་རིགས།ལག་བཟོས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་དང་ཉམས་མྱོང་བརྗེ་རེས་བྱས་པ་རེད།


འགྲེམས་སྟོན་ཁུལ།

        མཐོ་སྒང་གི་ཞིང་ལས་ཁྱད་ལྡན་ཚོང་ཟོག་འགྲེམས་ཁང་དང་བཟོ་སྐྲུན་ལས་རིགས་ཀྱི་འགྲེམས་ཁང་།ཡུལ་སྐོར་འགྲེམས་ཁང་བཅས་སུ་ཁྱད་ལྡན་ཚོང་ཟོག་འགྲེམས་གནས་20ལྷག་བཀོད་སྒྲིག་བྱས་ནས།ཁྱད་ལྡན་ཚོང་ཟོག200ལྷག་འགྲེམས་སྟོན་བྱས་པ་རེད།









འགྲེམས་སྟོན་དུ་ཞུགས་པའི་ཐོན་རྫས།


ཚ་ཚ་འུར་འུར་གྱི་ཡུལ་དངོས་རྣམ་པ།

        ཐེངས་འདིའི་གྲོས་མོལ་ཚོགས་འདུ་ནི་ཟླ6པའི་ཚེས12ཉིན་ནས་ཚེས18ཉིན་ཏེ་དུས་ཡུན་ཉིན་7བསྡུ་རྒྱུ་ཡིན་པ་དང་།ཏན་ཁྲི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམས་ཁང17བེད་སྤྱད་ནས་ཚད་ལྡན་རང་བཞིན་གྱི་འགྲེམས་གནས་8000བཀོད་སྒྲིག་བྱས་ཡོད་ལ།སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་ཁྲི17ཟིན་ཡོད།

        རྒྱུས་ལོན་བྱས་པ་ལྟར་ན།ཐེངས་འདིའི་ཚོང་ཟོག་གྲོས་མོལ་ཚོགས་འདུའི་རིང་དུས་མཉམ་དུ་བྱ་འགུལ་རྣམ་གྲངས18སྤེལ་རྒྱུ་ཡིན་པ་མ་ཟད།མུ་མཐུད་དུ་ཀྲུང་གོ་དང་ཨེ་ཤ་ཡ་ལྷོ་མའི་ཚོང་དོན་གླེང་སྟེགས་དང་།ཨེ་ཤ་ཡ་ལྷོ་མའི་ཕྱིར་སྡོད་ཀྲུང་གོའི་མནའ་འབྲེལ་ཚོང་ཚོགས་སོགས་སྐྱེ་མཚར་རང་བཞིན་ལེགས་ཙམ་ཡོད་པའི་ལམ་སྲོལ་རང་བཞིན་གྱི་བྱེད་སྒོའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་གྱི་ཚོང་དོན་གླེང་སྟེགས་དང་།རྒྱ་མཚོའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྩེ་གྲས་གླེང་སྟེགས་སོགས་རབ་དང་རིམ་པའི་བྱ་འགུལ་གསར་སྣོན་བྱས་ཡོད་པ་རེད།རབ་དང་རིམ་པའི་བྱ་འགུལ་འདི་དག་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གལ་ཆེའི་ཁྱབ་ཁོངས་སུ་རྒྱལ་སྤྱི་ཅན་གྱི་གླེང་མོལ་དང་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཚོགས་འདུར་ཞུགས་མཁན་ཕྱོགས་གཉིས་ཀྱིས་མཉམ་གཉེར་དང་མཉམ་འཛུགས།མཉམ་སྤྱོད་མངོན་དུ་འགྱུར་བར་སྐུལ་འདེད་བྱས་པ་རེད།པདྨ་མཚོས་བསྒྱུར།