ཡུན་ནན་དྲིལ་བསྒྲགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དེ་བདེ་ཆེན་ཁུལ་ནས་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ་6པའི་ཚེས་7ཉིན་གྱི་སྔ་དྲོ།2017ལོའི་དྲིལ་བསྒྲགས་པུའུ་ཡི་ཡུན་ནན་དྲིལ་བསྒྲགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དེ་རང་ཁུལ་དུ་འཛུགས་པ་རེད།ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་མིའི་ཐོབ་ཐང་ལས་སྒོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རིང་ཞང་ཆུན་གྱིས་འཛིན་གྲྭ་འགོ་ཚུགས་པའི་གསུང་བཤད་གནང་བ་རེད།ཁུལ་ཨུའི་རྒྱུན་ཨུ།ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་རོང་གིས་ཤིས་ཚིག་འབུལ་བ་དང་།ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཆེད་གཉེར་ཀྲུའུ་རེན་གཞོན་པ་ཐན་ཧུའུ་ཆིང་གིས་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།ཐེངས་འདིའི་གསོ་སྦྱོང་དེ་དུས་ཡུན་ཉིན་5་ཡིན་ཞིང་།ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་ལས་བྱེད་པ་120ལྷག་གསོ་སྦྱོང་དུ་ཞུགས་ཡོད།གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་ཡོངས་ཁྱབ་སྨྱན་བྱད་ཀྱི་ཉམས་ཉེན་བརྒྱུད་བསྒྲགས་བེད་སྤྱོད་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད།གླེང་ཕྱོགས་ཀྱི་ལས་རིགས་རྣམ་པ་གསར་པའི་སྣེ་ཁྲིད་དཔེ་ཚུལ་དང་། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་གནས་བབ་གསར་པ་སོགས་ནང་དོན་ཡོད།