བོད་ཀྱི་གླུ་གར་རིག་གནས།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-05-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     གླུ་གར་ནི་དུས་ཡུན་རིང་པོའི་ངལ་རྩོལ་ཁྲོད་མི་རྣམས་ཀྱིས་རང་གི་བློ་གྲོས་ལ་རྩལ་ལ་བརྟེན་ནས་རིམ་བཞིན་གསར་གཏོད་བྱས་པ་ཞིག་ཡིན་ཞིང་།   ཁོར་ཡུག་དང་ངལ་རྩོལ་གྱི་རྣམ་པ་མི་འདྲ་བ་ལ་བརྟེན་ནས་གླུ་གར་སྒྱུ་རྩལ་གྱི་རྣམ་པ་ཡང་ཐ་དད་པ་མང་པོ་ཞིག་བྱུང་ཡོད་པ་རེད།    

བོད་ཀྱི་གླུ་གར་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་།   དུས་ཡུན་རིང་པོའི་ལོ་རྒྱུས་ཁྲོད་གླུ་གར་ནི་མི་རྣམས་ཀྱི་བསམ་པའི་ལོངས་སྤྱོད་ཀྱི་རྒྱགས་ཕྱེ་ཅིག་ཏུ་གྱུར་ནས་འཚོ་བའི་ཕྱོགས་ལ་ཤུགས་རྐྱེན་ཅི་རིགས་ཐེབས་ཡོད་ཅིང་།   གླུ་གར་གྱིས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་རེད།  

     བོད་ཀྱི་གླུ་གར་ལ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ལྡན་པ་དང་།ཨ་མདོའི་དམངས་གླུ་དང་རྡུང་ལེན།མངའ་རིས་ཀྱི་སྒྲ་བརྙན།   ཁམས་ཀྱི་འབའ་གཞས་ལྟ་བུ་གང་ཡིན་རུང་།དབྱངས་ཀྱི་འཁུར་ཁུག་དེ་སྙན་ཞིང་འཇེབས་ལ་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཐུབ་པ་མ་ཟད།   ཉན་པ་པོ་རང་གི་ཚོར་བ་དང་བསྟུན་ནས་སེམས་ལ་རོལ་མྱོང་གི་མཇུག་འབྲས་མི་འདྲ་བ་རེ་ཐོན་ཐུབ།

  

     གྲོགས་མང་པོས་བཤད་ན།   སྐྱོ་གདུང་གི་དུས་སུ་འདྲིས་ཆ་ཆེ་བའི་ཕ་ཡུལ་གྱི་གླུ་གཞས་ལ་ཉན་ན་སེམས་ཀྱི་དྲན་གདུང་དེ་སེལ་ཐུབ་ཟེར།   ཡང་ལ་ལས་གསར་རྩོམ་བྱེད་པའི་གོ་རིམ་ཁྲོད་གནའ་བོའི་དབྱངས་རྟ་གསོན་པ་དེ་དག་ལ་ཉན་ན་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་མང་པོ་འཁྱེར་ཡོང་ཟེར།   གླུ་གར་ལས་མི་རིགས་རང་གི་གནའ་བོའི་ལོ་རྒྱུས་དང་།   སེམས་ཁམས།  དད་མོས།  ཁོར་ཡུག་སོགས་ལ་རྒྱུས་ལོན་མི་ཉུང་བ་ཞིག་ཀྱང་བྱས་ཆོག་པ་རེད།